ཆེ་དགྲ་ལྷས་མེ་ཏོག་རྫོང་དུ་མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་དང་ཐོན་ལས་གོང་འཕེལ་སོགས་ཐད་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-11-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༡ པའི་ཚེས ༢༢ དང་ ༢༣ ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་མེ་ཏོག་རྫོང་དུ་ཕེབས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་།  བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན།  དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་བཅས་སྒྲོག་འགྲེལ་གནང་བ་དང་།  མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་དང་ཐོན་ལས་གོང་འཕེལ་སོགས་ཐད་བརྟག་ཞིབ་གནང་བ་མ་ཟད།  མཐའ་མཚམས་ཀྱི་ལས་བྱེད་མང་ཚོགས་དང་ལས་སྒྲུབ་མི་དམངས་ཉེན་རྟོག་པར་འཚམ་འདྲི་ཡང་གནང་ཡོད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེས་ཕེབས་སྐྱོང་ཞུས་ཡོད།

ཆེ་དགྲ་ལྷས་མེ་ཏོག་རྫོང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་རྣམ་རྒྱལ་སྒང་གྲོང་ཚོར་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་དང་།  སྡི་གདོང་མཐའ་གྲོང་ཚོར་ཁང་པ་རྒྱག་སྟངས་ལ་གཟིགས་པ་མ་ཟད།  ཆུ་གློག་འཕྲིན་གསུམ་དང་བུ་བཅོལ་ཁང་སོགས་ཀྱི་རྟ་སྒ་ཆ་སྒྲིག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཡོད།  ཆེ་དགྲ་ལྷས་འབྲས་སྤུངས་གྲོང་ཚོའི་ཇ་ཤིང་རྭ་བར་ལས་སྒྲུབ་གནང་བཞིན་པའི་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ལས་བྱེད་མང་ཚོགས་དང་སྤེལ་རེས་ཟབ་མོ་གནང་སྟེ།  ཇའི་ཐོན་ལས་གོང་འཕེལ་ཁྲོད་ཀྱི་གནད་དོན་བཀའ་འདྲི་དང་དབྱེ་ཞིབ་གནང་བ་དང་།  དུས་བབ་གསར་པའི་འོག་གི་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་གོང་འཕེལ་གཏོང་སྟངས་ལ་དཔྱད་བསྡུར་གནང་ཡོད།

བརྟག་ཞིབ་གནང་རིང་ཆེ་དགྲ་ལྷས།  ང་ཚོས་གོང་འཕེལ་གྱི་དུས་མཚམས་གསར་པ་དང་གོང་འཕེལ་གྱི་འདུ་ཤེས་གསར་པ།  གོང་འཕེལ་གྱི་རྣམ་པ་གསར་པ་བཅས་ཀྱི་ནང་དོན་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ།  ཏང་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་མཐའ་མཚམས་ས་ཁུལ་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་པ་བྱེད་དགོས་པ་དང་།  མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་དང་གློག  ལམ།  འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་བྱས་ཏེ་གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་ནས།  མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་དགོས་པ།  བོད་ལྗོངས་ཀྱི་ལོ་རྒྱུས་ལྔའི་༼ དམག་སྡེ་བཅོ་བརྒྱད་པས་བོད་དུ་སྐྱོད་པའི་ལོ་རྒྱུས་དང་། དམག་སྡེ་བཅོ་བརྒྱད་པའི་དམག་འཐབ་ལོ་རྒྱུས།  བོད་ལྗོངས་ཀྱི་འཛུགས་སྐྲུན་ལོ་རྒྱུས།  བོད་ལྗོངས་ཀྱི་འཕེལ་རྒྱས་ལོ་རྒྱུས།  བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ལོ་རྒྱུས། ༽སློབ་གསོ་གཏིང་ཟབ་སྤེལ་ཏེ་དོན་དངོས་བྱ་སྤྱོད་ཐོག་ནས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།  མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་སྲུང་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པ་བཅས་ཀྱི་ནན་གསུང་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]