您没有安装FlashPlayer或版本太低, 请点击获得最新版本FlashPlayer
ད་ལོའི་སྤྱི་ཟླ་དང་པོ་ནས་བཅུ་པའི་བར། རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་བའི་ཐོག་ནས་ཁ་བསླུས་རྒྱག་པའི་གྱོད་གཞི ༡༦༤ རྩད་ཆོད་པ་དང་། ཉེས་གསོག་དོགས་ཡོད་པ ༡༤༦ འཛིན་བཟུང་བྱས་ནས་མང་ཚོགས་ཀྱི་གྱོང་གུན་སྒོར་ཁྲི་ཚོ ༦༩༢ ཚུར་རག་ཐུབ་པ་བྱུང་ཡོད།
རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་ཁཱོ་ལེ་ནས་ངོ་སྤྲོད་བྱས་པར་གཞིགས་ན། གློག་འཕྲིན་དྲ་བའི་ཐོག་གི་ཁ་བསླུས་རྒྱག་སྟངས་གཙོ་བོ་ནི་ཁ་བསླུས་རྒྱག་མཁན་གྱིས་དྲ་ཐོག་ཏུ་དངུལ་གཡར་ཐུབ་པའི་བརྡ་ཁྱབ་གཏོང་བ་དང་། རྒྱན་འཛུགས་བྱེད་དུ་འཇུག་པ། དགའ་རོགས་སྒྲིག་པ་སོགས་བསླུ་ཁྲིད་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་གྱོང་གུན་ཕོག་མཁན་གྱི་གཞི་རྩའི་ཆ་འཕྲིན་རགས་པ་བྱེད་པའམ་ཡིད་ཆེས་ཐོབ་པ་བྱས་ཏེ། ནོར་གཉེར་མཉེན་ཆསAPP ཐོག་ཐོ་འགོད་དུ་བཅུག་གི་ཡོད།
ད་ལོའི་སྤྱི་ཟླ་ལྔ་པའི་ཚུན་དུ་བོད་ཀྱི་ས་གནས་མང་པོར་བསྟུད་མར་གློག་འཕྲིན་དྲ་བའི་ཐོག་ནས་ཁ་བསླུས་རྒྱག་པའི་གྱོད་གཞི་ཚབས་ཆེན་ཐོན་ཡོད། ཉེ་བའི་ལོའི་ནང་ཆ་འཕྲིན་ཚན་རྩལ་མགྱོགས་མྱུར་ངང་གོང་འཕེལ་ཕྱིན་པས། གློག་འཕྲིན་དྲ་བའི་ཐོག་ནས་ཁ་བསླུས་རྒྱག་རྒྱུ་དམིགས་ཡུལ་དུ་བྱས་པའི་དྲ་ཐོག་གི་ཉེས་པ་གསོག་སྟངས་གསར་པ་རྒྱུན་མ་ཆད་པར་ཐོན་བཞིན་ཡོད། སྤྱི་ཚོགས་ཀྱི་ལབ་གླེང་དང་བསྟུན་ནས་ཁ་བསླུས་རྒྱག་སྟངས་མགྱོགས་མྱུར་ངང་འགྱུར་ལྡོག་གཏོང་བ་དང་། ཉེས་གསོག་བྱ་སྤྱོད་སྤེལ་ས་ཕྱི་རྒྱལ་དུ་གནས་འགྱུར་བྱེད་པ་སོགས་མང་དུ་མཆིས། གནོད་འཚེ་ཡང་ཉིན་བཞིན་ཚབས་ཆེ་རུ་འགྲོ་གི་ཡོད་པས། སྤྱི་བདེ་པུའུ་ནས་རྒྱ་ཆེའི་མང་ཚོགས་ཚོས་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་བརྡ་ཁྱབ་རྫུན་མ་དང་ཁས་ལེན་རྫུན་མ་སོགས་གི་མགོ་སྐོར་འོག་ཚུད་པ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་ཉེན་རྟོག་ཕྱོགས་ལ་གནས་ཚུལ་གསལ་ཞུ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།།