您没有安装FlashPlayer或版本太低, 请点击获得最新版本FlashPlayer
ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར་དཔུང་ཁག་འཛུགས་སྐྱོང་དང་སྦྱོང་བརྡར་གཉེར་བ། ཚོད་ལྟ་སྒྲོག་འགྲེལ། སྐོར་སྐྱོད་སྒྲོག་འགྲེལ། གཅིག་བསྡུས་སྒྲོག་འགྲེལ་སོགས་བྱས་ནས། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་གྱི་ཚ་རླབས་གང་མགྱོགས་འཕྱུར་བ་བྱས་ཡོད།
སྤྱི་ཟླ ༡༡ པའི་ཟླ་སྨད་དུ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་བོད་སྐྱོད་སྒྲོག་འགྲེལ་གྱིས་མཚོན་རྟགས་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བཙུགས་ཤིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དྲིལ་བསྒྲགས་ཀྱི་གནད་བསྡུས་རྩོམ་འབྲིའི་ཆེད་ཚན་བཙུགས་ཏེ། ཏང་ཡོན་ལས་བྱེད་པ་དང་གཞི་རིམ་མང་ཚོགས། གཞོན་ནུ་ལོ་ཆུང་སློབ་མ་བཅས་ལ་ཁ་ཕྱོགས་པའི་སྒྲོག་འགྲེལ་པར་གཞི་གསུམ་བཟོས་པ་མ་ཟད། དུས་ཐོག་ཏུ་གཞི་རིམ་མང་ཚོགས་ཀྱི་པར་གཞིའི་སྒྲོག་འགྲེལ་གནད་བསྡུས་བོད་ཡིག་ལ་བསྒྱུར་ཡོད་པ་དང་། དུས་ཐོག་ཏུ་སྒྲོག་འགྲེལ་བརྡ་ཐོ་དང་གནད་བསྡུས་གཤམ་སྤྲོད་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་སྒྲོག་འགྲེལ་ལས་དོན་ཡང་སྤེལ་ཞིང་། གྲོང་ཁྱེར༼ ས་ཁུལ ༽ཁག་དང་རྫོང་༼ ཆུས ༽ཁག་ཅིག་ཏུ་སྒྲོག་འགྲེལ་ཐེངས ༢༣ བྱས་པ་དང་། གྲོང་ཁྱེར༼ ས་ཁུལ ༽དང་རྫོང་༼ ཆུས ༽ ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བཅས་ཁག་ཏུ་སྒྲོག་འགྲེལ་ཐེངས ༡༠༠ ལྷག་ཙམ་བྱས་པ་དང་། ཤང་༼ གྲོང་རྡལ ༽དང་གྲོང་ཚོར་སྒྲོག་འགྲེལ་ཐེངས ༥༠༠༠ ལྷག་ཙམ་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཁྱིམ་ཚང་ཚང་མ་དང་མི་ཚང་མས་ཤེས་རྟོགས་ཐུབ་པ་བྱས་ཡོད།
དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཀྱིས་ལྗོངས་སྒྲིག་ཨུད་ལྟ་ཨུད་དང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་སོགས་ཚན་པ ༨ ཀྱི་འགོ་ཁྲིད་ལས་བྱེད་པ་དང་རིགས་གཅིག་མཁས་ཅན ༣༥ ལས་གྲུབ་པའི་སྒྲོག་འགྲེལ་ཚོགས་པ་བཙུགས་ནས། ད་བར་གྲོང་ཁྱེར༼ ས་ཁུལ ༽ཁག་དང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ཚན་པ་ཁག་ལ་སྒྲོག་འགྲེལ་ཐེངས ༣༠ ལྷག་ཙམ་བྱས་ཟིན་པ་རེད། གྲོང་ཁྱེར༼ ས་ཁུལ ༽ཁག་དང་རྫོང་༼ ཆུས ༽ཁག་གིས་རང་སྐྱོང་ལྗོངས་ཀྱི་བྱེད་སྟངས་ལ་གཞིགས་ནས་རང་ས་ཁུལ་གྱི་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ནས་སྐོར་སྐྱོད་སྒྲོག་འགྲེལ་བྱས་པ་དང་། ཤང་༼ གྲོང་རྡལ ༽དང་གྲོང་ཚོ་ཁག་གིས་གཞི་རིམ་སྒྲོག་འགྲེལ་བ་སྒྲིག་འཛུགས་བྱས་ནས་རྒྱ་ཁྱབ་ངང་སྒྲོག་འགྲེལ་བྱས་ཡོད།།