གོང་གི་དུས་ཚིགས་གསུམ་བསྟུད་མར་རང་ལྗོངས་ཀྱི་དཔལ་འབྱོར་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-12-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ཚུན་དུ་ཏོག་གསར་གློ་ཚད་ནད་ཡམས་ཀྱི་རྐྱེན་པས་གོ་ལ་ཧྲིལ་པོའི་དཔལ་འབྱོར་གོང་འཕེལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཀྱང་།  གོང་གི་དུས་ཚིགས་གསུམ་ནང་རང་ལྗོངས་སུ་ས་གནས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༡༣༠༨.༣ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༦.༣ འཕར་ནས།  ས་གནས་ཀྱི་དཔལ་འབྱོར་འཕར་ཚད་དུས་ཚིགས་གསུམ་བསྟུད་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པའི་ནང་།  ད་ལོའི་དུས་ཚིགས་དང་པོར་རང་ལྗོངས་སུ་ས་གནས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་དུས་མཚུངས་པ་ལས་བརྒྱ་ཆ ༡ འཕར་ཏེ།  རྒྱལ་ཡོངས་ནས་ས་གནས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་འཕར་སྣོན་བྱུང་བའི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཅིག་པུ་དེར་གྱུར་ཡོད།  ད་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་དུས་མཚུངས་པ་ལས་བརྒྱ་ཆ ༥.༡ འཕར་ནས།  རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་འཕར་བའི་ཞིང་ཆེན་བཅུ་དྲུག་ནང་ནས་འཕར་མགྱོགས་ཤོས་དེ་ཡིན། 
ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་ཟླ་བ་དང་པོ་ནས་དགུ་པ་བར་རང་ལྗོངས་ཀྱི་ས་མཐོའི་སྐྱེ་དངོས་དང་ཡུལ་སྐོར་རིག་གནས།  དྭངས་གཙང་ནུས་རྒྱུ།  མཐོ་གསར་གྲངས་འཛིན་སོགས་ཁྱད་ལྡན་ཐོན་ལས་འཕར་སྣོན་མགྱོགས་པོ་འགྲོ་བའི་རྣམ་པ་ཐོན་པའི་ནང་མཐོ་གསར་གྲངས་འཛིན་ཐོན་ལས་ཀྱི་འཕར་ཐང་དུས་མཚུངས་ལས་བརྒྱ་ཆ ༣༧ འཕར་བ་དང་།  སྨན་རྫས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་པ་ལས་བརྒྱ་ཆ ༣༦.༦ འཕར་ནས་ལྗོངས་ཡོངས་སུ་དཔལ་འབྱོར་འཕར་སྣོན་འགྲོ་བའི་སྒུལ་ཤུགས་ཆེན་པོ་ཞིག་ལ་གྱུར་ཡོད།  ད་ལོའི་ཚུན་དུ་ཏོག་གསར་གློ་ཚད་ནད་ཡམས་འགོག་ཟོན་ནུས་ལྡན་ཐུབ་པས་རང་ལྗོངས་ཀྱི་ཞིང་ལས་ཐོན་སྐྱེད་ལ་དུས་བབ་བཟང་པོ་བྱུང་བ་དང་།  ཞིང་ལས་དང་ནགས་ལས།  འབྲོག་ལས།  ཉ་ལས་སོགས་ཐོན་ལས་བརྟན་པོའི་ངང་འཕར་སྣོན་བྱུང་ཡོད།  བཟོ་ལས་ཐོན་སྐྱེད་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་ཕྱིན་ནས་གོང་གི་དུས་ཚིགས་གསུམ་ནང་།  གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་པ་ལས་བརྒྱ་ཆ ༧.༡ འཕར་ཏེ་རྒྱལ་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས ༥.༩ ཡིས་མཐོ་བ་བྱུང་ཡོད་ཅིང་།  ཞབས་ཞུའི་ལས་རིགས་བརྟན་པོའི་ངང་སླར་གསོ་བྱུང་ནས་གོང་གི་དུས་ཚིགས་གསུམ་ནང་།  རང་ལྗོངས་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༣༢༠༡ ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར ༣༣༤.༩ བྱུང་ཡོད།
ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་འོག་ད་ལོ་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་མགྱོགས་པོ་ཕྱིན་ཡོད།  གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  རང་ལྗོངས་ཀྱིས་ད་བར་ཀྲུང་དབྱང་སྲིད་གཞུང་གི་མ་དངུལ་སྒོར་དུང་ཕྱུར ༥༩༦ དོན་འཁྱོལ་བྱས་ཡོད་པ་དེ་ལོ་འཁོར་མོའི་དམིགས་ཚད་ལས་འགན་གྱི་བརྒྱ་ཆ ༩༩.༣ ཟིན་གྱི་ཡོད་པའི་ནང་།  ཀྲུང་དབྱང་སྔོན་རྩིས་མ་དངུལ་ནས་སྒོར་དུང་ཕྱུར ༣༢༩ དོན་འཁྱོལ་བྱས་ཡོད།  བོད་སྐྱོར་རྣམ་གྲངས ༥༤༠ ལག་བསྟར་བྱས་པར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར ༤༧.༡༧ བཏང་ཡོད་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༥༡.༣ གྱིས་མང་བ་ཡོད། 
བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་ཐོག་ནས་དམངས་འཚོའི་དམིགས་ཚད་མངོན་གྱི་ཡོད་པ་དེ་ཡང་།  ད་ལོའི་གོང་གི་དུས་ཚིགས་གསུམ་ནང་ལྗོངས་ཡོངས་ཀྱི་གྲོང་ཁྱེར༼ གྲོང་རྡལ ༽གྱི་མི ༣༨༠༠༠ གསར་དུ་ལས་ཞུགས་ཐུབ་པ་དང་ཞིང་འབྲོག་པ་ཁྲི་ཚོ ༦༠.༡ གནས་འགྱུར་ལས་ཞུགས་ཐུབ་པ་དེ་གཉིས་ཀྱིས།  ལྗོངས་ཡོངས་ཀྱི་མི་འབོར་སྤྱིའི་བརྒྱ་ཆ ༡༥ ཟིན་གྱི་ཡོད་པ་དང་།  གྲོང་ཁྱེར༼ གྲོང་རྡལ ༽གྱི་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆ ༤ ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད།  ལྗོངས་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་ཀྱི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པའི་ནང་།  གྲོང་ཁྱེར༼ གྲོང་རྡལ ༽གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༣༡༡༠༠ ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ ༩.༨ འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་སྤྱིར་ན་མཉམ་ཡོད་ཅིང་།  ལྗོངས་ཡོངས་ཀྱི་ཞིང་ལས་དང་ནགས་ལས།  འབྲོག་ལས།  ཉ་ལས་བཅས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༡༣༤.༥ ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ ༡.༥ འཕར་བའི་ནང་།  སྔོ་ཚལ་ཐོན་ཚད་ཀྲོན་ཁྲི་ཚོ ༥༨.༤ ཟིན་ནས་བརྒྱ་ཆ ༨.༦ འཕར་བ་དང་།  ཞིང་འབྲོག་པ་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ ༤༡.༥ ཟིན་གྱི་ཡོད། 
འདས་ཟིན་པའི་ལོ་ལྔའི་ནང་རང་ལྗོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་དེ་ལོ་རེར་ཆ་སྙོམས་བརྒྱ་ཆ ༩.༣ གྱི་འཕར་ཚད་ཐོག་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་དང་།  འཕར་སྣོན་གྱི་རྣམ་པ་དེ་རྒྱུན་འཁྱོངས་ཐུབ་ཚེ་རང་ལྗོངས་དང་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་དབར་ཧེ་བག་རྒྱུན་མཐུད་ཆུང་དུ་ཕྱིན་ནས།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]