རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་ཚོ༢༠༠ལྷག་ཙམ་ལ་དྭངས་ཞིང་གཙང་བའི་འཐུང་ཆུ་སྤྱོད་ཐུབ་པ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-12-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཤིན་ཧྭ་གསར་འགྱུར་ཁང་གི་སྨྱན་སྦྱོར་ཀུན་བསྡུས་ཐོག་ཞིང་འབྲོག་མང་ཚོགས་ཁྲི་ཚོ ༢༠༠ ལྷག་ཙམ་ལ་དྭངས་ཞིང་གཙང་བའི་འཐུང་ཆུ་སྤྱོད་ཐུབ་པ་བྱུང་ཡོད་ཅེས་པའི་མུ་འབྲེལ་གསར་འགྱུར་སྤེལ་ཏེ།  རང་ལྗོངས་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གཞི་ལག་བསྟར་བྱས་པ་བརྒྱུད།  ཞིང་འབྲོག་མང་ཚོགས་ཁྲི་ཚོ ༢༠༠ ལྷག་ཙམ་ལ་ཕན་ཐོག་བྱུང་ཡོད་ལུགས་ངོ་སྤྲོད་བྱས་ཡོད།
གསར་འགྱུར་དེའི་ནང་།  བོད་ལ་ཨེ་ཤི་ཡའི་ཆུ་མཛོད་ཅེས་པའི་མཚན་སྙན་ཡོད་ཀྱང་ཆུའི་ཐོན་ཁུངས་ཁྱབ་ཚུལ་དོ་སྙོམས་མེད་པ་དང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཉམས་ཞན་ཡིན་པས།  ཞིང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་དཀའ་གནད་མངོན་གསལ་དོད་པོ་ཡོད་པ་དང་།  ས་ཆ་ཁག་ཅིག་གི་འཐུང་ཆུའི་ཚད་གཞི་མ་ལོན་པ་སོགས་ཀྱི་གནད་དོན་ཐོན་ནས་གྲུམ་བུ་ཚིགས་ཆེན་ནད་སོགས་མང་པོ་ཐོན་གྱི་ཡོད།  བོད་ལྗོངས་སུ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གཞི་སྤེལ་འགོ་ཚུགས་ཚུན།  སྤྱི་ལོ ༢༠༡༩ ལོ་ནས་སྤྱི་ལོ ༢༠༢༠ ལོའི་བར་གྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་ཇུས་གཞི་ལག་བསྟར་བྱས་ཡོད་ཅིང་།  སྤྱི་ལོ ༢༠༡༦ ལོ་ནས་སྤྱི་ལོ ༢༠༡༩ ལོའི་ལོ་མཇུག་བར་སྔ་ཕྱི་བསྡོམས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར ༤༣.༢༤ བཏང་ཡོད།  ད་བར།  བོད་ལྗོངས་ཀྱིས་སྔ་ཕྱི་བསྡོམས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གཞི་ཁྲི ༡.༧༥༨༡ བསྒྱུར་བཟོ་རིམ་སྤོར་བྱས་པས།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་ཐུབ་པ་མ་ཟད།  ཞིང་འབྲོག་མང་ཚོགས་ཁྲི་ཚོ ༢༠༠ ལྷག་ཙམ་ལ་ཕན་པ་ཐོབ་ཡོད་ཅེས་འཁོད་ཡོད།
གསར་འགྱུར་དེའི་ནང་ད་དུང་ཉེ་བའི་ལོའི་རིང་།  བོད་ལྗོངས་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གཞི་ལག་བསྟར་བྱས་པ་བརྒྱུད།  གྲུམ་བུ་ཚིགས་ཆེན་ནད་ཐོན་ཁུལ་རྫོང་ ༥༤ ཚང་མར་བདེ་འཇགས་འཐུང་ཆུ་ཁྱོན་ཡོངས་ནས་སྤྱོད་ཐུབ་པ་བྱུང་བས།  གྲུམ་བུ་ཚིགས་ཆེན་ནད་ཕོག་ཚད་སྤྱི་ལོ ༢༠༠༠ ལོའི་བརྒྱ་ཆ ༣༧.༨༦ ནས་ད་ལྟའི་བརྒྱ་ཆ་ཀླད་ཀོར་བར་ཆགས་ཡོད་ཅེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]