您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ལོ ༢༠༢༠ ལོའི་བོད་ཀྱི་ཆུ་བཟང་ཆེད་དོན་འོས་སྦྱོར་བྱེད་པའི་བྱེད་སྒོ་ཉེ་དུས་ཀོང་ཀྲའུ་གྲོང་ཁྱེར་དུ་སྤེལ་བ་དང་། བྱེད་སྒོའི་ཐོག་མཚོ་བོད་བཟོ་ལས་གླིང་ཁུལ་དང་ལྷ་ས་མཐོ་གསར་ཁུལ། ཉིང་ཁྲི་གྲོང་ཁྱེར་ཚོང་དོན་ཅུད་སོགས་ཀྱིས་མཉམ་ལས་ཚན་པ་དང་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར ༡༠ ལྷག་ཙམ་ཟིན་པའི་མཉམ་ལས་གྲོས་མཐུན ༡༡ ལ་མིང་རྟགས་བཀོད་ཡོད། འོས་སྦྱོར་བྱེད་སྒོ་སྤེལ་ཡུལ་དུ་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཁེ་ལས ༨ དང་ཉིང་ཁྲིའི་ཁྱད་ལྡན་ཐོན་རྫས་ཁེ་ལས་ནས་ཐོན་རྫས་སྣེ་ཁ ༣༠ ལྷག་ཙམ་འགྲེམས་སྟོན་བྱས་པ་མ་ཟད། ཉམས་ལེན་ཁུལ་བཙུགས་པ་དང་དྲ་ཐོག་ཐད་གཏོང་ཟོག་ཚོང་བྱེད་པ་བརྒྱུད། བོད་ཀྱི་རང་བྱུང་འཐུང་ཆུ་དང་ས་མཐོའི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཧུར་ཐག་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་འོས་སྦྱོར་བྱེད་སྒོ་སྤེལ་བ་བརྒྱུད་ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་དབར་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་སྔར་བས་དོན་འཁྱོལ་ཐུབ་པ་དང་། གོམ་སྟབས་རྗེས་མར་བོད་ཀྱི་མཐོ་གསར་གྲངས་འཛིན་ཐོན་ལས་དང་འབྱུང་འཕྲོད་བཟོ་ལས་སོགས་ཚོང་འགུག་མ་འདྲེན་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེ་བྱས་ཏེ། ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་དབར་གྱི་ཐོན་ལས་མཉམ་ལས་རྒྱ་སྐྱེད་ནུས་ལྡན་གཏོང་ཐུབ་རྒྱུ་རེད།།