您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཚེས ༡༩ ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་ཨུ་ཡོན་རྣམ་པས་ཚོགས་ཆུང་ཁག་བགོས་གནང་སྟེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཝུའུ་དབྱིང་ཇེ་དང་བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་གཡས་ཤན། ཀྲོང་ཡན། ཡན་ཅིན་ཧའེ། ནོར་བུ་དོན་གྲུབ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལེའུ་ཅང༌། གྲེན་ཡུང་ཇི་སོགས་ཁག་སོ་སོར་ལས་རིགས་ཁག་གི་ཚོགས་ཆུང་དུ་ཕེབས་ནས། སྲིད་གྲོས་ཨུ་ཡོན་ཚོར་འཚམ་འདྲི་གནང་བ་མ་ཟད་གྲོས་བསྡུར་ནང་ཞུགས་པ་རེད།
ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་རྣམ་པ་འཁྲུག་པོ་ཡོད་པ་དང་། ཨུ་ཡོན་རྣམ་པས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གྱི་བརྗོད་དོན་ཁ་གསལ་བ་དང་ནང་དོན་ཞིབ་ཅིང་ཕྲ་བ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པ་དང༌། གྲོས་གཞིའི་ལས་དོན་སྤེལ་ཚུལ་སྙན་སྒྲོན་ནང་ཉམས་མྱོང་ཕྱོགས་བསྡོམས་དོན་གཉེར་དང་གནད་དོན་དབྱེ་ཞིབ་ཐར་ཕྱིན་པ་བྱས་ཤིང་། བཀོད་སྒྲིག་ལས་ཀར་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་འདུག་ཅེས་གསུངས།
ལོ་གཅིག་རིང༌། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་གནད་གྲོས་གཞིར་ལྟ་སྐུལ་གཉེར་སྒྲུབ་བྱེད་རྒྱུར་དམ་འཛིན་བྱས་ཏེ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་དོན་སྤེལ་སྟངས་གསར་གཏོད་ཐོག ཇུས་འདོན་བློ་འདྲི་དང་བཞེད་པ་གཅིག་སྒྲིལ་བྱེད་པའི་ཁྲོད་ཀྱི་གྲོས་གཞིའི་ནུས་པ་འདོན་སྤེལ་བྱས་ཡོད་པས། གྲོས་གཞིའི་སྤུས་ཚད་དང་གཉེར་སྒྲུབ་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ད་ལོའི་ལས་དོན་ཁྲོད་གྲོས་གཞིའི་ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ་དང་གྲོས་གཞི་གཉེར་སྒྲུབ་ཐད་གྲོས་མོལ་བྱེད་ཤུགས་ཆེ་རུ་བཏང་ཐོག གྲོས་གཞིའི་སྤུས་ཚད་དང་གཉེར་སྒྲུབ་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་ཁྲོད་གྲོས་གཞིའི་ལས་ཀའི་ནུས་པ་སྔར་བས་འདོན་སྤེལ་ཐུབ་པ་བྱ་རྒྱུ་རེད།།