ལྗོངས་མི་དམངས་འཐུས་ཚོགས་སྐབས༡༡པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་དང་པོའི་ཚེས ༢༡ ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་།  རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན།  རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་གསན་པ་རེད།  ད་ཐེངས་ཀྱི་ཚོགས་འདུར་ཕེབས་དགོས་པའི་འཐུས་མི ༤༢༡ ཡོད་པ་དང་དངོས་སུ་འཐུས་མི ༣༧༨ ཕེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།  ཝུའུ་དབྱིང་ཇེ་དང་།  ཆེ་དགྲ་ལྷ།  ཏིང་གཡས་ཤན།  ཀྲོང་ཡན།  ཡན་ཅིན་ཧའེ།  ནོར་བུ་དོན་གྲུབ།  བསྟན་ཁོ།  ཅང་ཅེ།  ཧོ་ཝུན་ཧའོ།  པད་མ་དབང་འདུས།  ལིའུ་ཅང་།  གྲེན་ཡུང་ཇི།  འོད་ཟེར།  ཞུས་ཞུའེ་ཀོང་།  བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན།  འཆི་མེད་རིག་འཛིན།  ཉི་མ་ཚེ་རིང་།  མཱ་ཧྲེང་ཁྲང་།  ཝང་ཅུན།  ཞུའེ་ཁྲེང་ཚང་།  ལིའུ་ཀོང་ཤུས་བཅས་དང་།  དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར།  བློ་བཟང་རྒྱལ་མཚན་གྱིས་ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ་དང་།  རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བསོད་དར་གྱིས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གནང་བ།  རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཅན་ཁྲ་ཀྲང་ཞ་ཁེ་ཆིན་གྱིས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གནང་བ་རེད།  ཚོགས་འདུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རྡོ་ཐོགས་ཀྱིས་གཙོ་སྐྱོང་གནང་བ་རེད།

བློ་བཟང་རྒྱལ་མཚན་ནས་སྤྱི་ལོ ༢༠༢༠ ལོར་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ།  མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་།  བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་།  དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས།  འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་།  གདེང་ཚོད་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས།  ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་པ་དང་།  རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ།  རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ནན་ཏན་བསྒྲུབས་ནས།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གཏན་ལ་ཕབ་པའི་ལས་འགན་ཁག་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལེགས་སྒྲུབ་བྱས་ཡོད།  ལོ་གཅིག་རིང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས ༩ འཚོགས་ནས།  ཁྲིམས་སྲོལ་གྱི་འཆར་ཟིན་ཁག ༡༢ ལ་གྲོས་ཞིབ་བྱས་པའི་ནང་ཁག ༡༠ ལ་གྲོས་འཆམ་བྱུང་བ་དང་།  ཆེད་དོན་ལས་དོན་གྱི་སྙན་སྒྲོན་ཁག ༣༨ གསན་པ་དང་གྲོས་ཞིབ་བྱས་པ།  ཆེད་དོན་བརྟག་ཞིབ་ཐེངས ༡༢ བྱས་པ།  གྲོས་ཞིབ་བསམ་འཆར་ཁག ༡༠༤ སྒྲུབ་རྒྱུར་རྩིས་སྤྲད་པ།  འཐུས་མིའི་གྲོས་འགོ་ཁག ༢༦༩ ལ་ལན་བཏབ་པ།  གྲོས་ཆོད་གཏན་འབེབས་ཁག ༡༧ བཟོས་པ།  རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པ་མི་ཐེངས ༡༣༨ ཁྲིམས་ལྟར་བསྐོ་འཐེན་བྱས་པ།  རྩིས་བཤེར་བྱེད་རིང་རྩད་ཆོད་ཐུབ་པའི་གནད་དོན་གྱི་དག་ཐེར་གནས་ཚུལ་ལ་བློ་མོས་ཆེ་ཆུང་ཐོག་མར་བལྟས་པ།  བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག ༧ གྱི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མངགས་བཅོལ་བྱས་པའི་ཁྲིམས་སྐྱོང་ཞིབ་བཤེར་ལེགས་སྒྲུབ་བྱས་ཡོད་ཅེས་གསུངས།

བློ་བཟང་རྒྱལ་མཚན་ནས་ལོ་གཅིག་རིང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ནི།  གཙོ་བོ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལུས་པ་དང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཛུབ་ཁྲིད་དང་རྒྱབ་སྐྱོར་གནང་བའི་འབྲས་བུ།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།  རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་མི་སྣ་ཡོངས་ཀྱིས་དངོས་སྒྲུབ་འགན་འཁུར་གནང་བའི་འབྲས་བུ།  རང་སྐྱོང་ལྗོངས་སྲིད་གཞུང་དང་།  སྲིད་གྲོས།  ལྟ་ཞིབ་ཨུ་ལྷན།  མཐོ་རིམ་མི་དམངས་ཁྲིམས་ཁང་།  མི་དམངས་ཞིབ་དཔྱོད་ཁང་།  དེ་བཞིན་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་གཞོགས་འདེགས་དམ་ཟབ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འབྲས་བུ།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེད་ཆེན་པོ་དང་ཟོལ་མེད་རྒྱབ་སྐྱོར་བྱས་པའི་འབྲས་བུ་རེད་གསུངས།

བློ་བཟང་རྒྱལ་མཚན་ནས་ཕྱོགས་ལྔའི་ཐད་ནས་སྤྱི་ལོ ༢༠༢༡ ལོའི་ལས་འགན་གཙོ་བོར་རྒྱས་བཤད་གནང་བ་རེད།  ཁོང་གིས་ནན་གསུངས་གནང་དོན།  རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་།  ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག  ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས།  མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱེད་པ་དང་།  ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་འཐབ་ཇུས་རང་བཞིན་གྱི་ལས་འགན་དུ་བརྩི་བ།  ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པ།  ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ།  ལྗོངས་ཏང་ཨུད་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ།  བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས།  བརྟན་ལྷིང་དང་།  འཕེལ་རྒྱས།  སྐྱེ་ཁམས།  མཐའ་སྟོབས་བཅས་དོན་ཆེན་བཞི་ལ་དམ་པོར་དམིགས་པ།  འགན་ལེན་བཞི་མངོན་འགྱུར་དམིགས་ཚད་དུ་བྱེད་པ།  འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ།  འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱེད་པ།  རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་བརྟན་དུ་གཏོང་བ།  ཁྲིམས་ལྟར་འགན་འཁྲི་སྒྲུབ་པ།  ཁྲིམས་འཛུགས་དང་།  ལྟ་སྐུལ།  འཐུས་མི་སོགས་ཀྱི་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ནས།  ལོ་ལྔ་ཚན་བཅུ་བཞི་པའི་རང་ལྗོངས་ཀྱི་འཆར་འགོད་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཏེ།  གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་དགོས་པ་བཅས་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]