གཞིས་རྩེར་འབྱུང་འཕྲོད་གོང་འཕེལ་གྱི་རྣམ་པ་བཟང་པོ་ཐོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང༌།  གཞིས་རྩེ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་པ་དང་ཁོར་ཡུག་དང་དམངས་འཚོར་དམིགས་ཏེ་ཕྱོགས་མང་པོ་དང་བྱ་ཐབས་སྣ་ཚོགས་བརྒྱུད།  སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བཏང་བས་འབྱུང་འཕྲོད་གོང་འཕེལ་གྱི་རྣམ་པ་བཟང་པོ་ཐོན་ཡོད།

གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར།  རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར།  རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔེ་སྟོན་གྲོང་ཁྱེར།  རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར།  རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཁྱེར་བཅས་ཀྱི་འཛུགས་སྐྱོང་ལས་དོན་ཏན་ཏིག་སྤེལ་བ་མ་ཟད།  མཛེས་སྡུག་ལྡན་པའི་གཞིས་རྩེ་འཛུགས་སྐྱོང་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་དང་སྐྱེ་ཁམས་ཇོ་མོ་གླང་མའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ།  སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཡང་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་སོགས་བཏོན་ནས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད།  དེ་དང་ཆབས་ཅིག  གཞིས་རྩེ་གྲོང་ཁྱེར་གྱིས་ཁོར་ཡུག་དང་དམངས་འཚོར་དམིགས་ཏེ་བཙོག་ཟིང་ཞན་གསུམ་གྱི་ཁེ་ལས་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་རྒྱུན་མཐུད་སྤེལ་ནས།  རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ནུས་པ་འཛུགས་སྐྱོང་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་།  རྫོང་ ༼ ཆུས ༽ ༡༨ ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ ༢༩ དབྱེ་བ་དང་ས་ངོས་འཐུང་ཆུའི་ཆུ་འགོའི་ཁུལ ༢༡ ཀྱི་གནད་དོན་བཅོས་སྒྲིག་བྱས་པས།  གྲོང་ཁྱེར་དེ་ཡོངས་ཀྱི་གཙང་པོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་རིགས་གསུམ་པའི་ཚད་གཞིར་སླེབས་པ་ཡང་ན་དེ་ལས་ལེགས་པ་བྱུང་ཡོད།  གྲོང་ཁྱེར ༼ གྲོང་རྡལ ༽གྱི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁུལ་གྱི་ཆུའི་སྤུས་ཚད་ཚང་མ་ཚད་གཞི་ལོན་ཐུབ་པ་བྱུང་ཞིང༌།  གྲོང་ཁྱེར་སྲིད་གཞུང་དང་རྫོང་ ༼ ཆུས ༽ཁག་དབར་དང་།  རྫོང་ ༼ ཆུས ༽ ཁག་དང་ས་རྒྱུའི་གཙོ་གནད་ལྟ་སྡོམ་ཁེ་ལས་དབར་དམིགས་ཚད་འགན་འཁྲིའི་ཡི་གེ་འཇོག་པའི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ།  གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་སྤྱོད་ས་རྒྱུའི་སྦགས་བཙོག་གནས་ཚུལ་གསལ་རྟོགས་ལས་དོན་ཕྱོགས་ཡོངས་ནས་སྤེལ་བས་ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིར་ན་རྒྱུན་མཐུད་བརྟན་པོ་བྱུང་བ་མ་ཟད།  འདམ་ར་དང་ས་རྒྱུ།  ཆུ་འགོ་སོགས་གཙོ་གནད་ཁུལ་ཁོངས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་རེད།  སྤྱི་ལོ ༢༠༡༦ ལོའི་ཚུན་དུ།  རྒྱལ་ཁབ་ནས་མ་དངུལ་སྒོར་དུང་ཕྱུར ༣.༤ བཏང་སྟེ་གཞིས་རྩེ་གྲོང་ཁྱེར་དུ་གཙོ་གནད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རིགས་ཀྱི་རྣམ་གྲངས ༡༦ ལག་བསྟར་བྱས་ཡོད།  སྤྱི་ལོ ༢༠༢༠ ལོའི་ལོ་སྟོད་བར་གཞིས་རྩེ་གྲོང་ཁྱེར་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར ༡༩.༤༢ བཏང་ནས་ཤིང་འཛུགས་ནགས་བཟོ་དང་རི་རྒྱ་ནགས་གསོ་མུའུ་ཁྲི་ཚོ ༨༠.༢ བྱས་པ་དང༌།  ས་ཆ་མུའུ་ཁྲི་ཚོ ༡༥༦.༧ གྱི་སར་ནགས་བཟོ་དང་བྱེ་སྐྱོན་འགོག་བཅོས་བྱས་པ།  མི་ཐབས་རྩྭ་འདེབས་མུའུ་ཁྲི་ཚོ ༤༠.༢ བྱས་པ།  སྐྱས་སྤོས་རྩྭ་གསོ་མུའུ་ཁྲི་ཚོ ༡༢༧༠ བཅས་བྱས་པ་མ་ཟད།  སྐྱེ་ཁམས་སྐྱོང་གསབ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ནགས་ཚལ་སྐྱེ་ཁམས་སྐྱོང་གསབ་སྒོར་དུང་ཕྱུར ༣.༦༤ དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་བྱ་དགའི་དངུལ་སྒོར་དུང་ཕྱུར ༡༣.༢ དང་།  རི་འཁྱར་སྲོག་ཆགས་ཀྱི་གནོད་སྐྱོན་གུན་གསབ་དངུལ་སྒོར་ཁྲི་ཚོ ༦༤༧༩.༥༣ རང་བྱུང་སྲུང་སྐྱོང་ཁུལ་གྱི་བདག་སྐྱོང་མ་དངུལ་སྒོར་དུང་ཕྱུར ༡.༣༤༦ བཅས་སྤྲད་པ་རེད།

གཞན་ཡང༌།  གཞིས་རྩེ་གྲོང་ཁྱེར་གྱིས་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ཏེ་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྤྱི་ཚོགས་ཡོངས་སུ་རང་བྱུང་ཁམས་ལ་བརྩི་འཇོག་དང་དེར་བསྟུན་པ།  དེར་སྲུང་སྐྱོང་བྱེད་པ་བཅས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་འཇགས་པ་བྱས་པས།  གྲོང་ཁྱེར་དེའི་མི་ཚང་མས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཐེ་ཞུགས་བྱེད་པ་དང་དེར་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་བཏོད་ཐུབ་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]