མངའ་རིས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལས་གཅེས་ལས་བརྩོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-03-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་གལ་ཆེན་མུ་མཐུད་འདོན་སྤེལ་གང་ལེགས་བྱེད་ཆེད།  ཉེ་དུས་མངའ་རིས་ས་ཁུལ་གྱིས་རྫོང་ ༧ གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག ༦༠ ལ་སྔ་རྗེས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།

མངའ་རིས་ས་ཁུལ་གྱི་རྫོང་ཁག་གི་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་ལྟ་སྐུལ་དང་མཛུབ་ཁྲིད།  དོ་དམ།  ཞབས་ཞུ་བཅས་ནན་ཏན་བྱས་ཏེ།  སྤྱི་ལོ ༢༠༢༡ ལོའི་རྨང་བརྟན་དམངས་ཕན་གྱི་ལས་དོན་འཆར་གཞི་ཡུལ་བབ་དང་བསྟུན་ཏེ་ཇུས་འགོད་ངང་བཟོས་ཡོད་པ་དང་།  བཅའ་སྡོད་བྱེད་མཁན་ཚན་པ་ཁག་གིས་རྒྱབ་བརྟེན་གྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཆེད།  གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག ༡༣༥ ལ་འཚམ་འདྲིར་བསྐྱོད་དེ།  ཏང་དང་སྲིད་གཞུང་གི་ཐུགས་ཁུར་གནང་ལུགས་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཚོར་ཏན་ཏིག་འཚོར་བ་བྱས་ཡོད།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས།  སྤྱོད་ཚུལ་བཟང་པོ་མུ་མཐུད་འདོན་སྤེལ་བྱེད་པ་དང་དུས་རབས་གསར་པའི་གྲོང་ཚོར་བཅའ་སྡོད་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་ནན་ཏན་བྱེད་པ།  འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་པ།  ནུས་ཤུགས་ཡོད་རྒུས་ཞིང་འབྲོག་ཁུལ་གྱི་གཞི་རིམ་སྲིད་དབང་བརྟན་དུ་གཏོང་བ།  རིམས་ནད་འགོག་ཟོན་གྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་པ།  ཐོན་སྐྱེད་བདེ་འཇགས་ཀྱི་དོ་དམ་ཚད་གཞི་དམའ་རུ་མི་གཏོང་བ།  གྲོང་ཚོའི་རྣམ་པ་ལེགས་བཅོས་ལ་མུ་མཐུད་འགན་ལེན་བཅས་བྱས་ཏེ་དོན་དངོས་བྱ་སྤྱོད་ཐོག་ནས་དོ་ནན་པའི་ལས་ཀའི་སྤྱོད་ཚུལ་དང་ལས་གནས་བརྟན་སྲུང་།  རང་འགན་གཙང་སྒྲུབ་ཀྱི་ལས་བརྩོན་སྙིང་སྟོབས་མངོན་པར་བྱ་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]