ད་ལོའི་ཚུན་དུ་རང་ལྗོངས་ཀྱི་དཔལ་འབྱོར་བརྟན་ཐོག་ལེགས་འཕེལ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-08-01

སྤྱི་ཚེས ༣༠ ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་སྤྱི་ལོ ༢༠༢༡ ལོའི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་ཚུན་དུ།  རང་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་བརྟན་ཐོག་ལེགས་འཕེལ་བྱུང་བ་དང་།  སྤུས་ཚད་དང་ཕན་འབྲས་ལེགས་སུ་བརྟན་པོ་ཕྱིན་ཞིང་།  ཁྲོམ་རའི་བྱེད་པོའི་སྔོན་དཔག་ལེགས་སུ་ཕྱིན་ཡོད།
ས་གནས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་གི་གཅིག་འགྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན།  སྤྱི་ལོ ༢༠༢༡ ལོའི་ལོ་སྟོད་དུ།  རང་ལྗོངས་སུ་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༩༢༦.༠༠༥ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༩.༡ འཕར་བ་དང་།  ལོ་གཉིས་ནང་ཆ་སྙོམས་བརྒྱ་ཆ ༧.༡ འཕར་ཡོད།
འགྲེམས་བསྒྲགས་ཚོགས་འདུའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  ལོ་སྟོད་དུ།  རང་ལྗོངས་ཀྱི་ཐོན་ལས་གསུམ་པའི་འཕར་ཐང་གྲངས་གནས་གཉིས་ཀྱི་འཕར་སྣོན་བྱུང་བ་དེ།  ན་ནིང་གི་དུས་མཚུངས་པའི་འཕར་ཚད་ལས་བརྒྱ་ཆ ༩.༦ གིས་མཐོ་བ་དང་།  ཐོན་ལས་གསུམ་པ་རྒྱུན་མཐུད་སླར་གསོ་བྱུང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སླར་གསོ་ཐུབ་རྒྱུར་སྒུལ་ཤུགས་ཆེན་པོ་སྦྱིན་ཡོད།།

  ༼  རྩོམ་སྒྲིག་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]