ལྷ་སས་རྙིང་ཚོང་མོ་ཊ་ཐེམ་ཁོངས་འགྱུར་བ་དང་ཡིག་ཚགས་དཔྱད་གཞི་གློག་རྡུལ་ཅན་གྱི་བརྒྱུད་སྤྲོད་བྱ་ཐབས་ལག་བསྟར་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-19

ལྷ་སར་ད་ལོའི་སྤྱི་ཟླ་དགུ་པའི་ཚེས ༡ ཉིན་ནས་བཟུང་།  རྙིང་ཚོང་མོ་ཊ་ཐེམ་ཁོངས་འགྱུར་བ་དང་ཡིག་ཚགས་དཔྱད་གཞི་གློག་རྡུལ་ཅན་གྱི་བརྒྱུད་སྤྲོད་ཀྱི་བྱ་ཐབས་ལག་བསྟར་བྱས་ཚུན།  མང་ཚོགས་ཚོས་རང་གནས་སར་མོ་ཊ་ཞིབ་བཤེར་དང་ཐོ་འགོད་བྱེད་ཆོག་པས་མོ་ཊ་ཐོ་འགོད་དང་ཞིབ་བཤེར་ཐེངས་གཉིས་བྱེད་དགོས་མེད་པར་ཐེངས་གཅིག་རང་ལ་འཐུས་ཚང་བཟོ་ཐུབ་ཀྱི་ཡོད་པས།  མོ་ཊའི་ཐེམ་ཁོངས་འགྱུར་ཁུལ་དུ་མང་ཚོགས་ཚོས་མོ་ཊ་ཉོ་ཚོང་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་རྒྱུར་སྔར་བས་སྟབས་བདེ་སྐྲུན་ཡོད།  ལྷ་ས་གྲོང་ཁྱེར་དུ་རྙིང་ཚོང་མོ་ཊ ༡༨༠༠ ལྷག་ཙམ་ཉོ་ཚོང་ཐོ་འགོད་བྱས་ཟིན་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།   ད་ལོའི་སྤྱི་ཟླ་དགུ་པའི་ཚེས ༡ ཉིན་ནས་བཟུང་།  རྙིང་ཚོང་མོ་ཊ་ས་ཆ་གཞན་དུ་ཉོ་ཚོང་ཐོ་འགོད་ཀྱི་བྱ་ཐབས་ལག་བསྟར་བྱས་ཚུན།   རང་ལྗོངས་ཀྱི་ལྷ་ས་དང་གཞིས་རྩེ་ཚུད་པའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར ༢༡༨ དུ་རྙིང་ཚོང་མོ་ཊ་ས་ཆ་གཞན་དུ་ཉོ་ཚོང་ཐོ་འགོད་བྱེད་ཆོག་པས་འཁོར་བདག་གིས ༡༢༡༢༣ གྱི་མཉམ་སྦྲེལ་དྲ་རྒྱ་སོགས་ཐབས་ལམ་གསུམ་བརྒྱུད་རྙིང་ཚོང་མོ་ཊ་ཉོ་ཚོང་ཐོ་འགོད་རེ་ཞུ་བྱེད་ཆོག་གི་ཡོད་པ་དང་།    རྙིང་ཚོང་མོ་ཊའི་ཐེམ་ཁོངས་འགྱུར་བའི་ལས་སྒོ་དེ་ཟོག་སྐྱེལ་ཐད་མི་སྤྱོད་པའི་མོ་ཊ་ཆུང་གྲས་དང་འགྲུལ་སྐྱེལ་མོ་ཊ་ཆུང་གྲས་ཚུད་ཡོད་པ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]