ཧོ་ཝུན་ཧའོ་ཡིས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུད་གླིང་ཕྲན་གཉིས་མངག་གཏོང་ཁང་དུ་རྟོགས་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-25

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྗོངས་སྲིད་ཁྲིམས་དཔུང་ཁག་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཧོ་ཝུན་ཧའོ་ཡིས།  གཞི་རིམ་ཏང་འཛུགས་མཉམ་འཛུགས་འབྲེལ་གཏུགས་ས་ཚིགས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུད་གླིང་ཕྲན་གཉིས་མངག་གཏོང་ཁང་དུ་ཕེབས་ནས་རྟོགས་ཞིབ་གནང་བ་རེད།

ཧོ་ཝུན་ཧའོ་ཡིས་སྔ་རྗེས་སུ་མངག་གཏོང་ཁང་དེའི་གྱོད་དོན་སྒྲུབ་གནས་དང་ཐེམ་ཐོ་ཚོགས་ཆུང་ལ་ཕེབས་ནས།  ཁྲིམས་ནན་པོ་འཛིན་པ་དང་ཁྲིམས་ཚད་ལྡན་འཛིན་པ།  དམངས་ཀྱི་ཆེད་དུ་དོན་དངོས་བྱ་བ་སྒྲུབ་པ་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད།  བསམ་འཆར་བསྡུར་ལེན་གྱི་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་རེད།  ཧོ་ཝུན་ཧའོ་ནས་བསམ་བློ་དང་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ་དམིགས་ཡུལ་གྱི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་དགོས་པ་དང་།  མི་དམངས་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་འཛིན་བྱེད་རྒྱུ་ལུགས་མཐུན་ཁྲིམས་མཐུན་དགོས་པ།  གཞི་རིམ་ཁྲིམས་འཛིན་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་བཏང་ཐོག་ཞིབ་ཕྲའི་ལས་དོན་ཐད་འབད་བརྩོན་བྱས་ཏེ།  མང་ཚོགས་ཀྱི་དགོས་མཁོ་དང་འཚམས་པ་བྱས་ནས་རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང༌།  བདེ་སྣང་བཅས་ཆེ་རུ་གཏོང་དགོས་པ་སོགས་ཀྱི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]