ཁྲེང་ཀོན་ཆུས་ས་གཙང་ཟས་རིགས་བཀོད་གཏོང་ལྟེ་གནས་སྐྲུན་ཟིན་གྲབས་ཡོད་པས་སློབ་མ༦༤༠༠༠ལ་ཕན་པ་ཐོབ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-17

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སློབ་གྲྭ་ཁག་ཅིག་གི་ཟ་ཁང་མེད་པའི་སློབ་མར་དགུང་ཟས་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ།  སློབ་མ་ཚོར་བདེ་འཇགས་ལྡན་ལ་འཚོ་བཅུད་ལྡན་པའི་དགུང་ཟས་སྤྱོད་ཐུབ་པ་བྱ་ཆེད།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ་ཅུས་ཀྱིས་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ།  ཁྲེང་ཀོན་ཆུས་ཀྱི་ས་གཙང་ཟས་རིགས་བཀོད་གཏོང་ལྟེ་གནས་སྐྲུན་རྒྱུའི་གཏན་འཁེལ་བྱས་པ་དང༌།  དེང་སྐབས་ལྟེ་གནས་དེ་སྐྲུན་ཟིན་གྲབས་ཡོད་ཅིང་འདི་ཟླའི་ཟླ་དཀྱིལ་དུ་ཐོག་མའི་རྩིས་ལེན་ཐུབ་རྒྱུ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ཟས་རིགས་བཀོད་གཏོང་ལྟེ་གནས་དེར་སྔོན་ཐོན་གྱི་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པ་དང་།  ཚལ་རིགས་བཏུབས་པ་དང་གཙང་འཁྲུ་ཟིན་རྗེས་ཟ་ཁང་ཡོད་པའི་སློབ་གྲྭར་སྐྱེལ་རྒྱུ་ཡིན་པས།  སློབ་མའི་བཟའ་བཅའི་བདེ་འཇགས་འགན་ལེན་ཐུབ་རྒྱུ་མ་ཟད།  གྲོང་ཁྱེར་གྱི་འགྲིམ་འགྲུལ་གནོན་ཤུགས་ཀྱང་ཆུང་དུ་འགྲོ་རྒྱུ་དང་ཁྱིམ་བདག་གི་ཁུར་པོ་ཡང་དུ་འགྲོ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ་ཅུས་གཞི་རྩའི་རྣམ་གྲངས་དོ་དམ་གཞུང་ལས་ཁང་གི་ལས་དོན་པ་དཔལ་གཡང་གིས།  ལྟེ་གནས་དེ་བསྐྲུན་ཟིན་རྗེས་ཁྲེང་ཀོན་ཆུས་ཀྱི་ཟ་ཁང་མེད་པའི་སློབ་གྲྭ་བཞིའི་སློབ་མ ༨༠༠༠ ཙམ་ལ་དགུང་ཟས་མཁོ་སྤྲོད་ཐུབ་རྒྱུ་དང་ཆབས་ཅིག  གཏོགས་ཁོངས་ནང་གི་ཟ་ཁང་ཡོད་པའི་སློབ་གྲྭ ༢༢ དང་ཟ་ཁང་སྐྲུན་བཞིན་པའི་སློབ་གྲྭ ༦ གི་སློབ་མར་ཟས་རིགས་བཀོད་གཏོང་བྱ་རྒྱུ་ཡིན་པས།  གཏོགས་ཁོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་ཁྱོན་སློབ་མ ༦༤༠༠༠ ཡི་བཟའ་བཅའི་བདེ་འཇགས་དགོས་མཁོ་སྐོང་ཐུབ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]