ཝང་ཝེ་ཏུང་གིས་རང་ལྗོངས་ཀྱི་བརྟན་ལྷིང་དང་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-17

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝེ་ཏུང་གིས།  རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་འཁོར་བརྒྱད་པའི་སྐོར་གཟིགས་ལས་ཀའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་སྐབས།  ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་འགན་འཁྲི་གཉིས་ལག་ལེན་བསྟར་བ།  དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དང་སྐོར་གཟིགས་རྩིས་བཤེར་སོགས་ཀྱི་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་ལས་དོན་དོན་འཁྱོལ་བྱས་ཐོག  ཚད་མཐོའི་ཆབ་སྲིད་ཀྱི་འགན་སེམས་ཐོག་ནས་བཅོས་སྒྲིག་ལས་འགན་ཁག་ཏན་ཏིག་དང་ཞིབ་ཚགས།  གནད་སྨིན་བཅས་ངང་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ།  བཅོས་སྒྲིག་གི་གྲུབ་འབྲས་དེ་ལག་ལེན་དང་ལོ་རྒྱུས།  མི་དམངས་བཅས་ཀྱི་ཞིབ་དཔྱད་ཐེགས་ཐུབ་པ་བྱེད་དགོས་པ་དང་།  དངུལ་རྩའི་ཉམས་ཉེན་དང་འབྲེལ་བའི་རུལ་སུངས་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ།  རང་ལྗོངས་ཀྱི་བརྟན་ལྷིང་དང་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]