ཉིང་ཁྲིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྔར་བས་ཁྱབ་གདལ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-19

ཉིན་ཤས་གོང༌།  ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་དང་གྲོང་ཚོ་རིམ་པའི་གཞོན་ནུ་ཏང་ཡོན་གྱི་རྗེས་གྲབས་ལས་བྱེད་པའི་དཔེ་སྟོན་སྦྱོང་བརྡར་གཉེར་ནས།  རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྔར་བས་ཁྱབ་གདལ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ།  ཞིང་འབྲོག་ཁུལ་གྱི་ཏང་ཡོན་ལས་བྱེད་པས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཆུ་ཚད་མཐོ་རུ་བཏང་ཡོད།

ད་ཐེངས་ཀྱི་སྦྱོང་བརྡར་ནང་གཙོ་བོ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་ཁྲོད་གནང་བའི་གསུང་བཤད་གལ་ཆེན་དང་བཀའ་མཆན་གལ་ཆེན་གྱི་དགོངས་དོན།  ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སོགས་ཐད་ལ་དམིགས་ཏེ་ཆེད་དོན་མཛུབ་ཁྲིད་དང་ལྟ་སྦྱོང་སློབ་ཁྲིད།  སྤེལ་རེས་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་བརྒྱུད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་ཡག་པོ་ཐུབ་པ་བྱེད་རྒྱུ་རེད།

སྣང་རྫོང་ལ་ཐོག་ཤང་ལ་ཐོག་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ནོར་འཛོམས་ནས།  ད་ཐེངས་ཀྱི་སྦྱོང་བརྡར་བརྒྱུད་ངའི་རྒྱ་སྐད་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་སོང༌།  རང་ཉིད་ནས་འགོ་བཙུགས་ཏེ་མང་ཚོགས་ལ་བྱ་བ་བཟང་པོ་མང་ཙམ་སྒྲུབ་རོགས་བྱེད་རྒྱུ་མ་ཟད་མང་ཚོགས་སྣེ་ཁྲིད་དེ་སྤྱི་སྐད་ཡག་པོ་སྦྱོང་རྒྱུ་ཡིན་ཞེས་གསུངས།

རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཡིན་པའི་སྨན་གླིང་རྫོང་ཁྱུང་གླིང་གྲོང་ཚོར་སྦྱོང་བརྡར་ནང་ཞུགས་མཁན་ཚོས་ས་གནས་ས་ཐོག་ཏུ་གསར་བརྗེའི་འབྲོག་ར་ཆུང་ཆུང་ལ་ལྟ་སྐོར་བྱས་པ་དང༌།  ཏང་ཀྲེ་པུའི་ཧྲུའུ་ཅི་ཟླ་བ་ནས་གྲོང་ཚོའི་ཏང་ཀྲེ་པུའུ་དང་བཅའ་སྡོད་དཔུང་སྡེས་མཉམ་དུ་གཉེན་སྦྲེལ་མཉམ་གཏོད་བྱེད་སྒོ་སྤེལ་ཏེ།  ཏང་ཡོན་མང་ཚོགས་ཚོས་རང་རྟོགས་ངང་བླ་མེད་རྩ་ཆེའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པའི་མི་སེམས་འགུལ་བའི་བྱས་རྗེས་ངོ་སྤྲོད་གནང་བ་རེད།

མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་མེ་ཏོག་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།  བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ནོར་གཡང་གིས།  གྲོང་ཚོའི་ལས་བྱེད་པ་ཞིག་གི་ངོས་ནས་ངས་ངེས་པར་དུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ།  མང་ཚོགས་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡག་པོ་སྦྱངས་ནས་ང་ཚོའི་བླ་མེད་རྩ་ཆེའི་རྒྱལ་ཁོངས་ཡག་པོ་སྲུང་རྒྱུར་ཁྲིད་སྟོན་བྱེད་རྒྱུ་ཡིན་ཞེས་གསུངས།

ད་ཐེངས་ཀྱི་སྦྱོང་བརྡར་བརྒྱུད།  སྦྱོང་བརྡར་ནང་ཞུགས་མཁན་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བའི་གལ་ཆེའི་རང་བཞིན་ངོས་འཛིན་གཏིང་ཟབ་ཐུབ་ནས།  རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ།  མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་སྒྲུབ་པའི་སྟོབས་ཤུགས་གཅིག་སྒྲིལ་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]