སློབ་གསོ་སློབ་ཁྲིད་བསྒྱུར་བཅོས་སྔར་བས་གཏིང་ཟབ་བྱས་ཏེ་བྱང་ཚད་མཐོ་བའི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-24

རང་ལྗོངས་ཀྱིས་བོད་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་བསྒྱུར་བཅོས་སྔར་བས་གཏིང་ཟབ་བྱས་ཏེ་བྱང་ཚད་མཐོ་བའི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱ་ཆེད།  རྒྱལ་ཡོངས་ཀྱི་སྤྱི་ལོ ༢༠༢༡ ལོའི་གྲོང་གསེབ་དར་རྒྱས་རྩལ་ནུས་འགྲན་བསྡུར་ཆེ་མོར་བོད་ལྗོངས་དེང་རབས་ཞབས་ཞུ་ལས་རིགས་ལག་རྩལ་སློབ་གྲྭ་ཉེ་དུས་ཞུགས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ཐེངས་འདིའི་རྒྱལ་ཡོངས་གྲོང་གསེབ་དར་རྒྱས་ལས་རིགས་རྩལ་ནུས་འགྲེན་བསྡུར་ཆེ་མོའི་ཁྲོད་གྲོང་གསེབ་ཀྱི་སྤྱོད་གོ་ཆེ་བའི་རྩལ་ནུས་དང་བསྟུན་ནས།  ཀྲུང་ལུགས་གཡོས་སྦྱོར་པ་དང་ཞིང་འཕྲུལ་ཉམས་བཟོ་བ་སོགས་འགྲན་བསྡུར་རྣམ་གྲངས ༡༡ དང་།  ཀྲུང་ལུགས་ཁ་ཟས་གཡོས་སྦྱོར་བའི་འཁྲབ་སྟོན་རྣམ་གྲངས་བཀོད་སྒྲིག་བྱས་པ་དེ་དག་ནི།  ཆེད་མངག་ཞིང་ལས་ཁྱིམ་ཚང་མི་སྣར་ཕྱོགས་ནས་གཉེར་ཐེངས་དང་པོ་ཡིན་པའི་རྒྱལ་ཁབ་རིམ་པའི་ཆེད་དོན་ལས་རིགས་རྩལ་ནུས་འགྲན་བསྡུར་ཞིག་རེད།  འགྲན་བསྡུར་ཛ་དྲག་བྱས་པ་བརྒྱུད།  བོད་ལྗོངས་གཡོས་སྦྱོར་བཟའ་བཏུང་གསོལ་མགྲོན་ཁང་ལས་རིགས་མཐུན་ཚོགས་ཀྱིས་འོས་སྦྱོར་བྱས་པའི།  བོད་ལྗོངས་དེང་རབས་ཞབས་ཞུ་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་ནོར་བཟང་ལ་ཀྲུང་ལུགས་གཡོས་སྦྱོར་རྣམ་གྲངས་ཀྱི་ལས་བཟོའི་ཙུའུ་ནང་ནས་དངུལ་གྱི་རྟགས་མ་ཐོབ་པ་དང་།  ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་བསོད་ནམས་དར་རྒྱས་ལ་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]