སྤྱི་ཟླ་དང་པོ་ནས་བཞི་པ་བར་རྒྱལ་ཡོངས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་ལྡབ༡.༠༦འཕར།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-05-31

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན།  ད་ལོའི་སྤྱི་ཟླ་དང་པོ་ནས་བཞི་པ་བར་རྒྱལ་ཡོངས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཁེ་སྤོགས་སྒོར་དུང་ཕྱུར ༢༥༩༤༣.༥ བྱུང་བ་དེ་དུས་མཚུངས་པ་ལས་ལྡབ ༡.༠༦ འཕར་ནས།  ན་ནིང་ལོ་སྨད་ཚུན་འཕར་ཚད་མགྱོགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་།  སྤྱི་ལོ ༢༠༡༩ ལོའི་དུས་མཚུངས་པ་དང་བསྡུར་ན་ཁེ་སྤོགས་བརྒྱ་ཆ ༤༩.༦ འཕར་ནས་ལོ་གཉིས་ནང་ཆ་སྙོམས་བརྒྱ་ཆ ༢༢ འཕར་ཡོད།
གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ནི་ལོའི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི་ཚོ ༢༠༠༠ ཡན་ཟིན་མཁན་ནམ་དེ་ཡན་གྱི་བཟོ་ལས་ཁྲིམས་མིའི་ཚན་པར་ཟེར།  རྒྱལ་ཁབ་བསྡོམས་རྩིས་ཅུད་བཟོ་ལས་སིའི་མཐོ་རིམ་བསྡོམས་རྩིས་པ་ཀྲུའུ་ཧུང་ནས།  ཟླ་དང་པོ་ནས་བཞི་པ་བར་བཟོ་ལས་ལས་རིགས་ཆེ་གྲས ༤༡ གི་ཁེ་སྤོགས་དུས་མཚུངས་པ་ལས་ཆ་སྙོམས་འཕར་བའམ༣་ཡང་ན་གུན་གསབ་དང་གྱོང་གུན་ཆུང་དུ་སོང་ཡོད་ཅེས་བཤད།།
  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]