ཞིང་ལས་དངུལ་ཁང་གིས་བོད་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་དམག་འཐབ་ལ་དངུལ་རྩའི་རྒྱབ་སྐྱོར་གྱི་ནུས་པ་གང་ལེགས་བཏོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་དབུལ་གྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པར་བཀའ་སློབ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད།  བོད་ལྗོངས་ཞིང་ལས་དངུལ་ཁང་ནི་བོད་ཀྱིཞིང་གསུམདངུལ་རྩར་ཞབས་འདེགས་ཞུ་མཁན་གྱི་རྒྱལ་ཁབ་རུ་ཁག་དང་གཙོ་ཤུགས་དམག་ཅིག་ཡིན་པའི་ངོས་ནས་སྔ་ཕྱི་བར་གསུམ་དུ་གཞུང་ཁོངས་དངུལ་ཁང་ཆེན་པོའི་སྲ་ཞིང་བརྟན་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྒོ་ཀུན་ནས་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  བོད་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ཞིང་འབྲོག་དུད་ཚང་དབུལ་པོའི་ཡིད་རྟོན་དངུལ་བུན་དགོས་མཁོ་སྐོང་བ་དང་།  ཞིང་འབྲོག་མང་ཚོགས་ཀྱིས་ནུས་ལྡན་གྱི་གཏའ་དངོས་མཁོ་འདོན་བྱེད་དཀའ་བའི་དོན་དངོས་གནད་དོན་ཐག་གཅོད་བྱེད་པ།  དངུལ་རྩའི་ཞབས་ཞུའི་ཐབས་ལམ་ཕུན་སུམ་ཚོགས་སུ་གཏོང་རྒྱུར་ཤུགས་སྣོན་གྱིས་དངུལ་རྩའི་ཞབས་ཞུ་ལས་ཁུངས་དང་སྡེ་ཁུལ་དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱི་སྒོ་རྩར་འཁྱོལ་བ་བྱེད་པ།  རིམས་ནད་འགོག་བཅོས་ཀྱི་ལས་དོན་དང་ཁེ་ལས་ཀྱི་ལས་འགོ་བསྐྱར་བཙུགས་དང་ཐོན་སྐྱེད་སླར་གསོར་རོགས་སྐྱོར་དེ་བཞིན་དབུལ་སྐྱོར་གློག་རྡུལ་ཚོང་དུད་རྒྱ་ཁྱབ་གཏོང་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ།  རྫོང་དང་ཤང་གྲོང་གྲོང་ཚོ་བཅས་རིམ་གསུམ་ཡིད་རྟོན་མ་ལག་འཛུགས་སྐྱོང་དང་ཞིང་དུད་ཀྱི་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ།  ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་པ།  དངུལ་རྩས་སྤྱི་ཚོགས་འགན་སྲུང་གཱ་ཁྱབ་གདལ་དང་འགྲོ་གྲོན་རྩ་ཆག་གཏོང་བ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་འདོན་སྤེལ་བཅས་བོད་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་བྱ་གཞག་ལ་དངུལ་རྩས་ཕུལ་བྱུང་གི་ལེགས་སྐྱེས་དང་གྲུབ་འབྲས་བཟང་པོ་བཏོད་ཡོད་པས་རིམ་ཁག་ཏང་ཨུད་སྲིད་གཞུང་དང་ཞིང་ལས་སྤྱི་ཁྱབ་དངུལ་ཁང་།  དངུལ་རྩའི་ལྟ་འདོམས་ཚན་པ།  དེ་བཞིན་འབྲེལ་ཡོད་ཁེ་ལས་དང་བྱ་གཞག་ཚན་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]