ད་བར་ལྗོངས་ཡོངས་སུ་ཞིང་འབྲོག་མང་ཚོགས་ཁྲི་ཚོ༡༩ལྷག་ཙམ་སྤོ་འགྱུར་ལས་ཞུགས་ཐུབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གསར་འགོད་པས་རང་སྐྱོང་ལྗོངས་ཞིང་འབྲོག་མང་ཚོགས་སྤོ་འགྱུར་ལས་ཞུགས་ཆེད་དོན་ཚོགས་ཆུང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ཟླ་ལྔ་པའི་ཚེས ༧ ཉིན་བར་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་ཚོ ༡༩.༧ སྤོ་འགྱུར་ལས་ཞུགས་ཐུབ་སྟེ།  ལོ་འཁོར་མོའི་དམིགས་ཚད་ཀྱི་བརྒྱ་ཆ ༣༢.༩ ལེགས་སྒྲུབ་བྱུང་བ་དང་།  ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར ༡༠.༡ ཟིན་ནས་ལོ་ཧྲིལ་པོའི་དམིགས་ཚད་ཀྱི་བརྒྱ་ཆ ༢༤ ལེགས་སྒྲུབ་བྱུང་ཡོད།
ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་ཁྲི ༣.༦ སྤོ་འགྱུར་ལས་ཞུགས་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར ༡.༣ ཟིན་ཡོད་པ་དང་།  གཞིས་རྩེ་གྲོང་ཁྱེར་གྱི་མང་ཚོགས་ཁྲི ༦.༦ སྤོ་འགྱུར་ལས་ཞུགས་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར ༣.༥ ཟིན་པ།   ལྷོ་ཁ་གྲོང་ཁྱེར་གྱི་མང་ཚོགས་ཁྲི ༡.༩ སྤོ་འགྱུར་ལས་ཞུགས་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་ཁྲི་ཚོ ༨༠༠༠ ཟིན་པ།  ཉིང་ཁྲི་གྲོང་ཁྱེར་གྱི་མང་ཚོགས ༨༠༠༠ སྤོ་འགྱུར་ལས་ཞུགས་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་ཁྲི་ཚོ ༣༠༠༠ ཟིན་པ།  ཆབ་མདོ་གྲོང་ཁྱེར་གྱི་མང་ཚོགས་ཁྲི ༡.༨ སྤོ་འགྱུར་ལས་ཞུགས་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར ༡.༡ ཟིན་པ།  ནག་ཆུ་གྲོང་ཁྱེར་གྱི་མང་ཚོགས་ཁྲི ༤.༨ སྤོ་འགྱུར་ལས་ཞུགས་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར ༢.༨ སྟོང་ཟིན་པ།  མངའ་རིས་ས་ཁུལ་གྱི་མང་ཚོགས ༢༠༠༠ སྤོ་འགྱུར་ལས་ཞུགས་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་ཁྲི་ཚོ ༢༠༠༠ ཟིན་པ་བཅས་བྱུང་ཡོད།
རང་ལྗོངས་ཀྱི་མི་སྤྱི་དང་འཕེལ་བསྒྱུར།  ནོར་སྲིད་སོགས་ཚན་པ་དྲུག་གིས་ཐོན་ལས་གོང་འཕེལ་དང་ལས་མི་བཀོལ་སྤྱོད།  ལས་ཞུགས་ཀྱི་ཁ་གསབ་སོགས་ཐད་ནས་སྲིད་ཇུས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་།  གྲོང་ཁྱེར༼ ས་ཁུལ ༽ཁག་གིས་གཙོ་གནད་ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས།  ལས་གནས་གཅིག་བསྡུས་འགྲེམས་བསྒྲགས་དང་འབྲེལ་མཐུད་ཕྱིར་གཏོང་གནད་འཕིགས་བྱས་ཏེ།  ཞིང་འབྲོག་མང་ཚོགས་ཁྲི ༦.༥ ཐག་ཉེ་སར་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་སུ་བཅུག་པ་དང་།  ངལ་ནུས་སྒྲིག་འཛུགས་དང་གཅིག་གྱུར་ཐོག་ཕྱིར་གཏོང་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཞོར་ལས་མཉམ་འབྲེལ་རུ་ཁག་དང་།  ངལ་ནུས་མཉམ་ལས་རྩ་འཛུགས ༣༣༣༢ ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་ཞིང་འབྲོག་མང་ཚོགས་ཁྲི ༣.༩ ཕྱིར་གཏོང་ལས་གཏོད་ཐུབ་པ་བྱས་ཡོད།   
ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ནས་གོམ་སྟབས་རྗེས་མར་ཆེད་དོན་ལམ་སྲོལ་ལ་བརྟེན་ཏེ་ལས་ཞུགས་ལ་སྐུལ་སྤེལ་གཏོང་བ་དང་།  རྣམ་གྲངས་ནང་ལས་ཞུགས་ཐུབ་པ་བྱེད་པ།  ཐོན་ལས་ལ་བརྟེན་ནས་ལས་ཞུགས་བརྟན་དུ་གཏོང་བ།  རྩ་འཛུགས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ།  སྦྱོང་བརྡར་གནད་འཕིགས་བྱས་ཏེ་ལས་ཞུགས་ལ་སྐུལ་འདེད་གཏོང་བ།  འགན་སེམས་བཅངས་ཏེ་ལས་ཞུགས་འགན་སྲུང་བྱེད་པ་སོགས་ཀྱི་བྱ་ཐབས་བཟུང་ནས།  ད་ལོའི་ཞིང་འབྲོག་མང་ཚོགས་ཀྱི་སྤོ་འགྱུར་ལས་ཞུགས་ལས་དོན་ཏན་ཏིག་ངང་ཡག་པོ་སྤེལ་རྒྱུ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]