ལྷོ་ཁའི་ལས་ཞུགས་ལས་དོན་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་ཐོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ནང་ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་བཏང་བ་དང་།  སྲིད་ཇུས་དྲིལ་བསྒྲགས་དང་རྩལ་ནུས་སྦྱོང་བརྡར།  ལས་གནས་སྦྲེལ་མཐུད།  ལས་གཏོད་ལས་ཞུགས་ཀྱི་ཁྲིད་སྟོན་བཅས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས།  ལས་ཞུགས་ལས་དོན་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་ཐོན་ཡོད།  ལྷོ་ཁ་གྲོང་ཁྱེར་ནས་ལས་ཞུགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པ་དང་།  ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་བ་དང་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་ལ་བརྟེན་ནས་ལས་ཞུགས་རོགས་སྐྱོར་ཟླ་བ་དང་དཔྱིད་རླུང་བྱ་སྤྱོད།  དམངས་གཉེར་ཁེ་ལས་ཀྱི་གདན་ཞུའི་གཟའ་འཁོར་སོགས་ཆེད་དོན་ལས་ཞུགས་ཞབས་ཞུའི་བྱེད་སྒོ་སྤེལ་བ་བརྒྱུད།  ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་བཏང་སྟེ།  ངལ་རྩོལ་པའི་ལས་ཞུགས་ཕུགས་འདུན་སྒྲུབ་རོགས་གང་ལེགས་བྱས་པ་རེད།  
ན་ནིང་ལྷོ་ཁ་གྲོང་ཁྱེར་ནས་རིགས་ཁག་གི་སྦྱོང་བརྡར་འཛིན་གྲྭ་ཐེངས ༡༦༠ གཉེར་ནས་རིགས་ཁག་གི་ངལ་རྩོལ་མི་སྣ ༧༧༢༡ ལ་སྦྱོང་བརྡར་སྤྲད་པ་དང་ཆབས་ཅིག  སྤྱི་པའི་ལས་རིགས་རྩལ་ནུས་སྦྱོང་བརྡར་རྟེན་གཞི་འཛུགས་སྐྲུན་བྱས་ཏེ་སྲིད་ཇུས་བློ་འདྲི་དང་ལས་རིགས་མཛུབ་ཁྲིད།  ལས་རིགས་ངོ་སྤྲོད།  ལས་ཞུགས་ལས་ཤོར་ཐོ་འགོད་བཅས་བྱས་ཏེ་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུ་གནད་འཕིགས་ཐུབ་པ་རེད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན།  ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཞུགས་ལས་གནས ༧༦༠༠ ལྷག་ཙམ་གསར་སྤེལ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི ༦༢༠༩ ལས་ཞུགས་ཐུབ་པ་དང་།  མི ༡༤༦༠ ལ་རིན་མེད་ཀྱི་ལས་ཞུགས་མཛུབ་ཁྲིད་བྱས་ཤིང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱེད་ཚད་དང་ལས་ཤོར་ཐོ་འགོད་བྱེད་ཚད་ཁག་སོ་སོར་བརྒྱ་ཆ ༤.༨ དང་བརྒྱ་ཆ ༢.༠༥ ཟིན་ཡོད།  
སློབ་ཆེན་སློབ་ཐོན་པ
འི་ལས་ཞུགས་ལྟ་བར་འགྱུར་ལྡོག་གཏོང་ཆེད།  སྤྱི་ལོ ༢༠༡༩ ལོར་ལྷོ་ཁ་གྲོང་ཁྱེར་གྱིས་སྔ་རྗེས་སུ་ཐེམ་ཁོངས་ལྷོ་ཁ་ནས་ཡིན་པའི་སློབ་ཆེན་སློབ་ཐོན་པར་སྤྲིངས་པའི་ཡི་གེ་ཞེས་པ་དང་སློབ་ཆེན་སློབ་ཐོན་པའི་ཁྱིམ་བདག་ལ་སྤྲིངས་པའི་ཡི་གེ་ཞེས་པ་པར་འགྲེམས་བྱས་པ་དང་།  སློབ་གྲྭར་སྲིད་ཇུས་དྲིལ་བསྒྲགས་བྱེད་ཅེས་པ་དང་ལྔ་སྤེལ་གཅིག་སྐྱེལ་ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་ཆབས་ཅིག  སློབ་ཆེན་སློབ་ཐོན་པས་གྲོང་གསེབ་དར་རྒྱས་གཏོང་བའི་ཆེད་གཉེར་ལས་བྱེད་པ་དང་དམག་མིར་ཞུགས་པ།  གསུམ་སྐྱོར་གཅིག་རོགས།  ནུབ་རྒྱུད་དང་བླངས་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ལས་ཞུགས་ཐུབ་པ་བྱེད་རྒྱུར་སྐུལ་ལྕག་བཏང་བ་རེད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]