རང་ལྗོངས་ཀྱིས་བྱ་ཐབས་སྣ་མང་བཟུང་ནས་ལས་ཞུགས་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-31

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༢༠ ལོར།  རང་ལྗོངས་ཀྱིས་ལམ་ལུགས་མ་ལག་དང་ལས་གནས་ཐབས་ལམ།  ཆ་འཕྲིན་སྟེགས་བུ།  ཞབས་ཞུ་འགན་སྲུང་།  དྲིལ་བསྒྲགས་ཁྲིད་སྟོན་བཅས་ཕྱོགས་ལྔ་བརྒྱུད་སློབ་ཆེན་སློབ་ཐོན་པར་ལས་ཞུགས་མཁོ་སྤྲོད་ཞབས་ཞུ་ཧུར་ཐག་སྒྲུབ་པ་དང་།  སློབ་ཆེན་སྐབས་ཐོན་པ་ལས་ཞུགས་ཐུབ་ཚད་བརྒྱ་ཆ ༩༠ ཡན་ཟིན་པ་བྱེད་རྒྱུ་དང་ཆབས་ཅིག  ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ལས་རིགས་རྩལ་ནུས་སྦྱོང་བརྡར་ཕྱོགས་ཡོངས་ནས་སྤེལ་ཆེད།  ལས་རིགས་རྩལ་ནུས་མཐོར་གཏོང་གི་མི་སྟོང་ཁ་ལོན་པའི་འཆར་གཞི་གཙོ་གནད་ཐོག་ལག་བསྟར་བྱས་པ་དེ་ཡང་།  ལོ་འཁོར་མོར་ཁེ་ལས་ཀྱི་རྣམ་གསར་ལས་བཟོ ༡༠༠༠ དང་རང་བདག་ལས་གཏོད་པ ༡༠༠༠ ལ་སྦྱོང་བརྡར་སྤྲད་པ་དང་།  རིགས་ཁག་གི་རྩལ་ནུས་མཐོ་བའི་ཤེས་ལྡན་པ ༡༠༠༠ སོགས་གསོ་སྐྱོང་བྱས་ཡོད།
ཞིང་འབྲོག་པའི་ལས་ཞུགས་སྤོ་འགྱུར་ཐད།  བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ ༢༠༡༩ ལོ་ནས ༢༠༢༠ ལོའི་བར་གྱི་ཞིང་འབྲོག་པའི་སྦྱོང་བརྡར་དང་ལས་ཞུགས་སྤོ་འགྱུར་གྱི་བྱ་སྤྱོད་ཇུས་གཞི་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ཏེ།  ཞིང་འབྲོག་པ་དངོས་གཟུགས་ཅན་དང་རྩ་འཛུགས་ཅན་གྱི་རྣམ་པའི་ཐོག་ནས་ལས་ཞུགས་སྤོ་འགྱུར་ཐུབ་རྒྱུར་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་དང་།  སྤྱི་ལོ ༢༠༢༠ ལོའི་ལོ་མཇུག་ཏུ་སླེབས་སྐབས་ལྗོངས་ཡོངས་སུ་མི ༦༠༠ ཡན་གྱི་ཞིང་འབྲོག་པའི་ལས་ཞུགས་སྤོ་འགྱུར་རྟེན་གཞི་སྐྲུན་ཐུབ་པ་བྱས་ནས།  རྟེན་གཞི་བརྒྱུད་ཞིང་འབྲོག་པ ༦༠༠༠༠ ཡན་སྤུས་ལེགས་ལས་ཞུགས་བརྟན་པོ་ཐུབ་པ་བྱེད་རྒྱུ་མ་ཟད།  ཞིང་འབྲོག་པའི་ངལ་ནུས་རང་བཞིན་གྱི་ཡོང་འབབ་དང་མི་རེའི་ཡོང་འབབ་དེ་ན་ནིང་ལས་བརྒྱ་ཆ ༢༠ ཡན་མཐོ་རུ་ཡང་གཏོང་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༢༠ ལོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི ༥༠༠༠༠ གསར་དུ་ལས་ཞུགས་ཐུབ་པ་བྱེད་རྒྱུ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བརྒྱ་ཆ ༣.༦ ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱ་རྒྱུ་མ་ཟད།  གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱེད་ཁོངས་ཀྱི་ལས་ཀ་ཤོར་ཚད་བརྒྱ་ཆ ༥.༥ ཡི་ནང་ཚུན་དུ་ཚོད་འཛིན་ཡང་བྱ་རྒྱུ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]