རང་ལྗོངས་ཀྱིས་སྤྱི་ཚོཌ་འགན་བཅོལ་གཱ་འགྲེམས་སྤེལ་ཧུར་ཐག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་ཀྱིས་སྤྱི་ཚོགས་འགན་བཅོལ་གཱ་འགྲེམས་སྤེལ་བྱེད་འགོ་བཙུགས་ཚུན།  རང་ལྗོངས་མི་རྒྱུན་ཁོངས་གཏོགས་ཀྱིས་ལས་དོན་ཧུར་ཐག་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་འགན་བཅོལ་གཱ་བཟོ་སྤེལ་བྱས་ཤིང་དེང་སྐབས་ལས་དོན་ཁག་གི་འཕེལ་རིམ་བདེ་བླག་རེད།  ད་ལོའི་ལོ་མཇུག་གོང་སྤྱི་ཚོགས་འགན་བཅོལ་གཱ་ཁྲི་ཚོ ༣༡༨ ལས་མི་ཉུང་བ་སྤྲད་དེ་མི་རེར་གཱ་རེའི་དམིགས་ཚད་སྤྱིར་ན་སྒྲུབ་ཐུབ་པ་བྱེད་རྩིས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ནས་འགྲེམས་སྤེལ་བྱས་པའི་སྤྱི་ཚོགས་འགན་བཅོལ་གཱ་ནི་ཐོན་རབས་གསུམ་པའི་གཱ་གསར་ཤོས་དེ་ཡིན་པ་དང་སྤྱི་ཚོགས་འགན་བཅོལ་དང་དངུལ་རྩའི་བྱེད་ནུས་ཆེན་པོ་གཉིས་ལྡན་ཡོད་ཅིང་།  ལྗོངས་ཕྱིའི་གནས་གཏན་འཁེལ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་སྐབས།  སྨན་རིན་སྐབས་བསྟུན་མཇུག་རྩིས་ཐུབ་པ་མ་ཟད།  སྤྱི་ཚོགས་འགན་བཅོལ་ཚུད་པའི་ལས་སྒོ་གཉེར་སྒྲུབ་བྱེད་པའི་དཔང་རྟགས་གལ་ཆེན་ཞིག་ཀྱང་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  རང་ལྗོངས་མི་རྒྱུན་ཁོངས་གཏོགས་ཀྱིས་ད་དུང་སྤྱི་ཚོགས་འགན་བཅོལ་གཱ་དེ་དམངས་ཕན་མ་དངུལ་གཏོང་སྤྲོད་དང་བློ་རིག་གྲོང་ཁྱེར་སོགས་ཁྱབ་ཁོངས་ནང་སྤྱོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ།  སྤྱི་ཚོགས་འགན་བཅོལ་གཱ་དེ་སྲིད་གཞུང་དང་མི་དམངས་མང་ཚོགས་དབར་གྱི་གལ་ཆེའི་སྦྲེལ་ཐག་ཅིག་ཏུ་འགྱུར་བ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]