དངུལ་བུན་བཏང་ནས་དབུལ་ཕོངས་དུད་ཚང་ལ་རོགས་སྐྱོར་བྱེད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་གིས་དངུལ་ཁང་ནས་དངུལ་བུན་གཡར་སྐབས།  གཏེ་མ་འཇོག་པ་དང་ཁག་ཐེག་འཚོལ་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ།  རང་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཞིང་འབྲོག་དུད་ཚང་གི་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་སྐོང་ཆེད།  ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྤྱི་ལོ ༢༠༡༦ ལོར་དབུལ་སྐྱོར་གནད་འཕིགས་ཀྱི་གྲངས་ཉུང་དངུལ་བུན་ལས་སྒོ་གསར་གཏོད་ངང་གཉེར་ཏེ།  དབུལ་ཕོངས་དུད་ཚང་ལ་ལོ་གསུམ་རིང་གཏའ་མ་དང་ཁག་ཐེག་མི་དགོས་པའི་ཡིད་རྟོན་དངུལ་བུན་སྒོར་ཁྲི ༥ རེ་བཏང་ནས།  དབུལ་ཕོངས་དུད་ཚང་གི་ཐོན་སྐྱེད་གོང་འཕེལ་དང་འབབ་འཕར་དབུལ་གྲོལ་ཐད་རོགས་པ་བྱས་ཡོད།

ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་གྲས་ཤིག་ཡིན་པའི་ཚེ་འཕེལ་གྱིས།  དབུལ་སྐྱོར་གནད་འཕིགས་ཀྱི་གྲངས་ཉུང་དངུལ་བུན་སྒོར་ཁྲི ༥ གཡར་ཏེ་ཞོ་ཚོང་ཁང་ཞིག་བཙུགས་པས།  ད་ཆ་དབུལ་ཞྭ་ཕུད་ཐུབ་པ་བྱུང་བ་མ་ཟད་མ་རྩ་སྒོར་ཁྲི ༡༡༠ ཟིན་ཡོད།

སྤྱི་ཟླ་ལྔ་པའི་ཟླ་མཇུག་བར།  ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དབུལ་སྐྱོར་གནད་འཕིགས་ཀྱི་གྲངས་ཉུང་དངུལ་བུན་གྱི་ལས་སྒོ་ཁག་ཁྲི ༧.༨ ལྷག་ཙམ་གཉེར་ནས་དངུལ་བུན་སྒོར་དུང་ཕྱུར ༣༠ ལྷག་ཙམ་བཏང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]