ན་ནིང་ལྷ་སའི་མཁའ་རླུང་སྤུས་ཚད་རྒྱལ་ཡོངས་གཙོ་གནད་གྲོང་ཁྱེར་ཁྲོད་ཨང་དང་པོར་སླེབས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-31

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༩ ལོར་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་ཚད་བརྒྱ་ཆ ༩༩.༧ ཟིན་ནས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར ༡༦༨ ཀྱི་མདུན་གྲལ་དུ་སླེབས་ཡོད་ཅིང་།  གཙོ་བོ་གཙང་པོ་དང་མཚེའུ་ཁག་དང་།  རྒྱལ་སྡོམ་བཅད་ཁ་བདུན།  གྲོང་ཁྱེར་གྱི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་མགོ་བཞི་བཅས་ཀྱི་ས་གཤིས་ཚད་གཞི་ལོན་ཚད་བརྒྱ་ཆ ༡༠༠ ཟིན་པ་དང་།  རྫོང་༼ཆུས༽བརྒྱད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ཐོག་མར་དབྱེ་བའི་ལས་དོན་ལེགས་སྒྲུབ་ཟིན་ཞིང་།  གྲོང་ཁྱེར་ནང་ཁོངས་ཀྱི་ཆུའི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་ཐུབ་པ་དང་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད།

སྤྱི་ཚེས ༢༩ ཉིན་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༩ ལོར་ལྷ་ས་གྲོང་ཁྱེར་གྱིས་རི་ལྡེབས་སུ་ཤིང་འཛུགས་དང་གཙང་པོ་མཚོ་བསྒྱུར།  དུད་ཚང་ལ་དྲོད་རླངས་མཁོ་འདོན་བཅས་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་པས།  གྲོང་ཁྱེར་ཡོངས་སྔོ་ལྗང་ཅན་དུ་འགྱུར་ཚད་བརྒྱ་ཆ ༣༦ ཟིན་པ་དང་ནགས་ཚལ་ཁེབས་ཚད་བརྒྱ་ཆ ༡༩ ཟིན་ཡོད།  གྲོང་ཁྱེར་དེ་ཡོངས་ཀྱིས་སྲིད་འཛིན་གྲོང་ཚོ༼སྡེ་ཁུལ༽ ༢༦༣ དང་ཤང་༼གྲོང་རྡལ༽ ༦༤  རྫོང་ ༧ བཅས་ལ་ཁག་སོ་སོར་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ༼སྡེ་ཁུལ༽དང་།  སྐྱེ་ཁམས་ཤང་༼གྲོང་རྡལ༽  སྐྱེ་ཁམས་རྫོང་བཅས་བཏོད་ཡོད་པ་དང་།  ལྷག་པར་དུ་འདམ་གཞུང་རྫོང་དེ་ཉིད་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་དུ་བཏོད་ཐུབ་ཡོད།

ལྷ་ས་གྲོང་ཁྱེར་གྱིས་སྦགས་བཙོག་ཆེ་བའི་འབུད་རྫས་སྤྱོད་མཚམས་འཇོག་ཁུལ་དུ་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ།  ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་བྱས་ནས་རང་བྱུང་སོལ་རླངས་འཛད་སྤྱོད་བྱེད་ཚད་དུས་མཚུངས་པ་ལས་བརྒྱ་ཆ ༢༠ འཕར་བ་དང་།  གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ནུས་རྒྱུ་གསར་པ་སྤྱོད་ཚད་བརྒྱ་ཆ ༨༠ ཟིན་པ།  བོགས་གཏོང་རླངས་འཁོར་གྱི་དྭངས་གཙང་ནུས་རྒྱུ་སྤྱོད་ཚད་བརྒྱ་ཆ ༡༠༠ ཟིན་པ་བཅས་བྱུང་ཞིང་།  རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་རྒྱུན་མཐུད་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པ་དང་ཆབས་ཅིག  མ་དངུལ་སྒོར་ཁྲི ༢༦༥༩ བཏང་ནས་གད་སྙིགས་རིགས་དབྱེ་བྱས་པ་དང་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཙང་སེལ་བྱེད་ཚད་བརྒྱ་ཆ ༡༠༠ ཟིན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]