ལོ༧༠རིང་ཆབ་མདོའི་ཕྱོགས་གང་ཅིར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་བསྟུད་མར།  དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་གིས་ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ སོང་རིང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་ཐོབ་པའི་གྲུབ་འབྲས་སྐོར་གྱི་གནས་ཚུལ་མང་པོ་སྤེལ་ཡོད།
སྤྱི་ཚེས ༩ ཉིན་གྱི་དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་བརྟག་དཔྱད་ཅེས་པའི་ཆེད་སྒྲིག་པར་ངོས་ཐོག  འགྲིལ་འགྲུལ་སྐྱེལ་འདྲེན་ཐད་སེམས་ཁྲལ་གང་ཡང་མེད་ཅེས་པ་དང་།  ཨ་དབང་ལུག་དང་ས་མཐོའི་རྒུན་འབྲུམ་ཨ་རག  ཇ་རྟའི་གནའ་ལམ་གྱི་གྲངས་འཛིན་མཁའ་ལམ་ཞེས་པ་བཅས་ཁག་གསུམ་ལ་དབྱེ་སྟེ།  ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ སོང་རིང་ཆབ་མདོར་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་གཞུང་ལམ་དྲ་བ་བསྐྲུན་པ་དང་།  ཐོན་ལས་གོང་འཕེལ་བྱུང་བ།  གློག་རྡུལ་ཚོང་དོན་གོང་འཕེལ་བྱུང་བ།  གནའ་དེང་ཟུང་འབྲེལ་གྱི་རྣམ་པ་གསར་པའི་གྲོང་ཁྱེར་བསྐྲུན་པ་བཅས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་མངོན་པར་བྱས་ཡོད།
ཆེད་སྒྲིག་ནང་ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ སོང་རིང་།  ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནས་ཆབ་མདོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གཏོང་འཇོག་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས།  སྤྱི་ལོ ༢༠༡༩ ལོའི་ལོ་མཇུག་བར་ཆབ་མདོ་གྲོང་ཁྱེར་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི ༡.༠༨༣༦ ཟིན་ཏེ།  རྫོང་༼ཆུས༽དང་ཤང་༼གྲོང་རྡལ༽ཚང་མར་རླངས་འཁོར་ཤར་གཏོང་ཐུབ་ཡོད་ཅིང་།  སྤང་མདའ་འབབ་ཐང་ནས་སྔ་རྗེས་སུ་ཐད་གཏོང་མཁའ་ལམ་བཞི་ཤར་གཏོང་ཐུབ་སྟེ།  གཟའ་འཁོར་རེར་དུས་གཏན་གནམ་གྲུ་ཐེངས ༨༠ ལྷག་ཙམ་འབབ་འཕུར་ཐུབ་ཀྱི་ཡོད།  ཨ་དབང་ལུག་གསོ་ཚགས་དང་རྒུན་འབྲུམ་འདེབས་འཛུགས་ལས་སྣོན་སོགས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ནས།  སྤུས་རྟགས་རྒྱུན་ཆད་མེད་པར་བཏོད་པ་དང་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།  ཐོན་ལས་འཁོར་སྦྲེལ་རྒྱུན་ཆད་མེད་པར་སྣུར་བསྲིངས་ཐུབ་པ་བཅས་བྱུང་སྟེ།  ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།  ད་ཆ་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་གསེབ་རིམ་པའི་གློག་རྡུལ་ཚོང་དོན་གྱི་སྤྱི་པའི་ཞབས་ཞུ་ལྟེ་གནས ༡༡༦ བསྐྲུན་ཡོད་པ་དང་།  གློག་རྡུལ་ཚོང་དོན་ཁེ་ལས ༡༥ ཡོད་པར་སྤྱི་ལོ ༢༠༡༩ ལོར་གློག་རྡུལ་ཚོང་དོན་གྱི་ཉོ་ཚོང་སྤྱི་འབོར་སྒོར་ཁྲི་ཚོ ༤༦༤༤ ཟིན་ཡོད་པ་བཅས་ཀྱི་སྐོར་བཀོད་ཡོད།
སྤྱི་ཚེས ༨ ཉིན་གྱི་དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་པར་ཡིག་འདྲེས་མའི་གསར་འགྱུར་སྤེལ་ཏེ།  ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ སོང་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།  བློ་མཐུན་ཞི་ཅིན་ཕིང་ནས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ས་གནས་ཁག་གིས་ཤུགས་ཆེའི་རྒྱབ་སྐྱོར་འོག  དེ་སྔ་ཐག་གཅོད་བྱེད་དགོས་བསམ་ཡང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་ཐུབ་པ་དང་།  དེ་སྔ་བསྒྲུབ་དགོས་བསམ་ཡང་བསྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་ཐུབ་སྟེ།  དཔལ་འབྱོར་གྲ་རྒྱས་དང་སྤྱི་ཚོགས་ཞི་མཐུན།  སྐྱེ་ཁམས་ལེགས་པོ།  མི་དམངས་བདེ་སྐྱིད་བཅས་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་མདོ་གསར་པ་བསྐྲུན་ཐུབ་པ་བཅས་བཀོད་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]