您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉེ་བའི་ལོའི་ནང་མེ་ཏོག་རྫོང་གིས་དམིགས་བསལ་གནམ་གཤིས་ཆ་རྐྱེན་དང་ཐོན་ཁུངས་ལེགས་ཆར་བརྟེན་ནས། ཁྱད་ལྡན་ཤིང་འབྲས་འདེབས་འཛུགས་དང་ཇ་ལོ་འདེབས་འཛུགས་སོགས་རྒྱུན་བསྲིངས་དང་ཕན་འབྲས་མཐོ་བའི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་དབུལ་གྲོལ་གནད་འཕིགས་ཀྱི་ལམ་བུའི་ཐོག་བསྐྱོད་ཐུབ་ཡོད། སྤྱི་ལོ ༢༠༡༨ ལོའི་ཟླ་བ་བཅུ་པར་མེ་ཏོག་རྫོང་ཡོངས་དབུལ་ཞྭ་ཕུད་ཐུབ་ཡོད་ཅིང་། ད་ཆ་ཐོན་ལས་ལ་བརྟེན་ནས་དབུལ་གྲོལ་གྲུབ་འབྲས་སྲ་བརྟན་གཏོང་བཞིན་ཡོད།།