ཀྲོང་ཡན་གྱིས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ཧུར་ཐག་གཏོད་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་ནུས་རྒྱུ་སྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་སྤྱི་ལོ ༢༠༢༠ ལོའི་ས་གནས་ས་ཐོག་གི་དྲིལ་བསྒྲགས་བྱེད་སྒོ་སྤྱི་ཚེས ༥ ཉིན་ལྷ་སར་སྤེལ་བ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ས་གནས་ས་ཐོག་གི་བྱེད་སྒོར་མཛུབ་ཁྲིད་གནང་སྐབས།  དམངས་ཡོངས་ལ་ནུས་རྒྱུ་སྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཏེ།  དོན་དངོས་བྱ་སྤྱོད་ཐོག་ནས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་རྒྱུར་རམ་འདེགས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཀྲོང་ཡན་ནས་དྲིལ་བསྒྲགས་བྱེད་གནས་ཁག་ཏུ་ཕེབས་སྐབས་དྲིལ་བསྒྲགས་ལག་དེབ་ལ་གཟིགས་ཤིང་ལས་དོན་པ་དང་སྤེལ་རེས་གནང་སྟེ།  འབྲེལ་ཡོད་ཁྱབ་ཁོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།  ནུས་རྒྱུ་སྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང།  དེ་བཞིན་འབྱུང་འཕྲོད་ཐན་ཉུང་གཏོང་གི་ཤེས་བྱ་ཁྱབ་གདལ་གཏོང་ཚུལ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ཀྲོང་ཡན་གྱིས་བྱེད་སྒོའི་ནང་མང་ཚོགས་ཞུགས་པའི་ཧུར་སེམས་ཆེན་པོ་ཡོད་པ་མཁྱེན་རྗེས་ཚད་འབེབས་མཐོ་པོ་གནང་ནས།  ཚང་མས་ཡང་འབད་བསྐྱར་འབད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་རྒྱུར་མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་རྒྱབ་སྐྱོར་བྱེད་པ།  མི་ཚང་མས་ཐེ་ཞུགས་བྱེད་པ་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་བཟང་པོ་ཏན་ཏིག་གཏོད་དགོས་པའི་སྐུལ་ལྕག་གནང་བ་རེད།
ཀྲོང་ཡན་གྱིས་མཛུབ་ཁྲིད་གནང་རིང་།  དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ནུས་རྒྱུ་སྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་ལས་ཀར་གཅིག་གྱུར་འཆར་འགོད་བྱས་ཏེ།  འབྱུང་འཕྲོད་ཐན་ཉུང་གི་རྒྱུན་འཁོར་གོང་འཕེལ་གྱི་ཐོན་ལས་མ་ལག་གང་མགྱོགས་ཆགས་པ་བྱེད་པ་དང་།  རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་རྒྱུས་གོ་སྐབས་བྱས་ཏེ།  བྱ་སྤྱོད་ཆེན་པོ་དྲུག་ཤུགས་ཆེ་སྤེལ་བ་དང་རྣམ་གྲངས་བཅོ་བརྒྱད་ལག་བསྟར་བྱས་ནས་གྲོན་ཆུང་དང་འབྱུང་འཕྲོད་ཐན་ཉུང་།  ཤེས་དཔལ་བདེ་ཐང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་གཏོང་བ།  དྲིལ་བསྒྲགས་གཞི་རྟེན་གསར་གཏོད་བྱེད་པ་དང་དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་བཏང་སྟེ།  ནུས་རྒྱུ་སྲི་ཚགས་དང་བཙོན་སྐྱོན་ཉུང་གཏོང་གི་མང་ཚོགས་ཚོའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ།  རྒྱ་ཆེའི་སློབ་མ་ཚོར་ཆུང་དུས་ནས་ཐོན་ཁུངས་གྲོན་ཆུང་དང་བཙོག་སྐྱོན་ཉུང་གཏོང་གི་འཚོ་བའི་གོམས་གཤིས་འཇག་རྒྱུའི་སློབ་གསོར་མཐོང་ཆེན་བྱས་ཏེ་ནུས་ཁུངས་གྲོན་ཆུང་དང་བཙོག་སྐྱོན་ཉུང་གཏོང་།  སྐྱེ་ཁམས་ཤེས་དཔལ་བཅས་ཀྱི་སྤྱི་ཚོགས་ཀྱི་སྲོལ་བཟང་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]