ལྗོངས་ཡོངས་ཀྱི་སྲིད་གྲོས་ཆེད་དོན་ཨུ་ལྷན་གྱི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ལྗོངས་ཡོངས་ཀྱི་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་དང་།  ཚོགས་འདུའི་ཐོག  རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚོགས་འདུའི་དགོངས་དོན་དང་རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡི་རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན།  ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་ཐད་གནང་བའི་བསམ་འཆར་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱས་པ་མ་ཟད།  ལྗོངས་ཏང་ཨུད་སྲིད་གྲོས་ལས་ཀའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་གཡས་ཤན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་།  ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་།  རྫོང་ལྷོ་བྱམས་པ་མཁས་གྲུབ།  ས་ལུང་ཕུན་ལགས་སོགས་ཚོགས་འདུར་ཕེབས་ཡོད།

ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད།  ཏིང་གཡས་ཤན་གྱིས་མི་དམངས་སྲིད་གྲོས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་ཀའི་ཡོངས་ཁྱབ་ཆོས་ཉིད་དང་།  བོད་ལྗོངས་སྲིད་གྲོས་ལས་ཀའི་དམིགས་བསལ་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ།  ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ།  ངོ་བོའི་ངེས་གནས་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་ཀར་ཤུགས་རྒྱག་རྒྱུར་མཐོང་ཆེན་བྱེད་པ།  མི་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་ཐུབ་པ་བྱེད་པ།  སྤུས་ཚད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་རྒྱུན་མཐུད་སྤུས་འབོར་གཉིས་ལྡན་ཡོང་བ་བྱེད་པ།  རིགས་དབྱེའི་མཛུབ་ཁྲིད་རྒྱུན་འཁྱོངས་བྱས་ནས་ལས་ཀའི་འབྲེལ་བ་ཁ་གསལ་པོ་བཟོ་བ།  དུས་བསྟུན་ཡར་བརྩོན་རྒྱུན་འཁྱོངས་བྱས་ནས་བདེན་སྐྱོང་གསར་གཏོད་ལ་མཐོང་ཆེན་བཅས་བྱས་ཏེ།  སྲིད་གྲོས་ཆེད་དོན་ཨུ་ལྷན་གྱི་ལས་ཀ་གསར་གཏོད་གོང་འཕེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་།  རྩ་འཛུགས་ནས་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྟེ་བའི་ལྷུ་ཚིགས་མངོན་ཆེར་འཛིན་པ།  རང་ངོས་འཛུགས་སྐྱོང་འཐུས་ཚང་བཟོས་ཏེ་སྲིད་གྲོས་གྲོས་མོལ་གྱི་མཐུན་རྐྱེན་སྐྲུན་རྒྱུར་ཞབས་ཞུ་གནད་འཕིགས་སྒྲུབ་པ།  གཞི་རིམ་སྲིད་གྲོས་ཆེད་དོན་ཨུ་ལྷན་གྱི་ལས་ཀར་འབྲེལ་གཏུག་དང་མཛུབ་ཁྲིད་ཡག་པོ་བྱས་ཏེ་བཀོད་སྒྲིག་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ།  ཆེད་དོན་ཨུ་ལྷན་གྱི་དགེ་མཚན་འདོན་སྤེལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུ་དང་།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་གསར་པ་རྩོམ་རྒྱུར་ལེགས་སྐྱེས་འབུལ་དགོས་པའི་ནན་གསུངས་གནང་བ་རེད། 

བཞུགས་མོལ་ཚོགས་འདུའི་ཐོག ཚོགས་ཞུགས་མི་སྣས་ད་དུང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱེད་རྒྱུའི་ཐད་ཞིབ་བསྡུར་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]