ལྗོངས་ཏང་ཨུད་ཀྱིས་སྐོར་ཞིབ་ལས་དོན་ཧུར་ཐག་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༨ ཉིན།  ལྗོངས་ཡོངས་ཀྱི་སྐོར་ཞིབ་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་བརྒྱད་པའི་སྐོར་ཞིབ་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་རེད། 
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཏང་ཨུད་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝུད་ཏུང་གིས་ཚོགས་འདུའི་ཐོག་གསུང་བཤད་གནང་སྐབས།  སྐོར་ཞིབ་ལས་བྱེད་པའི་རིག་གཞུང་ཆུ་ཚད་དང་སྲིད་ཇུས་བྱང་ཚད། 
ཆབ་སྲིད་ནུས་པ་བཅས་ནི་སྐོར་ཞིབ་ལས་ཀའི་སྤུས་འབྲས་དང་ཐད་ཀར་འབྲེལ་བ་ཡོད་པས།  རིམ་ཁག་སྐོར་ཞིབ་ཚན་པས་རིག་གཞུང་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་།  སྦྱངས་པ་བེད་སྤྱོད་ཐུབ་པའི་སྒོ་ནས་སྐོར་ཞིབ་བྱེད་ཁུལ་གྱི་ཆབ་སྲིད་ཀྱི་འཛོལ་ཁྱད་ལ་འཚོལ་བཤེར་གནད་འཕིགས་བྱས་ཏེ།  ལྟ་སྐུལ་གྱི་སྤུས་ཚད་མཐོ་རུ་གཏོང་དགོས་པའི་བཀའ་སློབ་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]