ལྗོངས་མི་དམངས་འཐུས་ཚོགས་སྐབས༡༡པའི་རྒྱུན་ཨུད་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས༥༨པ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས།  ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ཨུད་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས ༥༨ པ་འཚོགས་གནང་བ་དང་།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འོད་ཟེར་དང་འཆི་མེད་རིག་འཛིན།  ཅུས་ཅན་ཧྭ།  ལི་ཝུན་ཧན།  ཉི་མ་ཚེ་རིང་བཅས་ཚོགས་འདུར་ཕེབས་ཡོད།

ཚོགས་འདུའི་ཐོག  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ཨུད་ལྷན་ཁང་གི་ཚོགས་འདུ་ཐེངས ༢༢ པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་བཀོད་སྒྲིག་ལ་ཞིབ་འཇུག་བྱས་པ་དང་།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ཨུད་ལྷན་ཁང་གི་ཚོགས་འདུ་ཐེངས ༢༢ པ་དེ་སྤྱི་ཟླ ༩ པའི་ཟླ་སྨད་དུ་ལྷ་སར་འཚོག་རྒྱུའི་གཏན་འཁེལ་བྱས་ཡོད།

ཚོགས་འདུའི་ཐོག  རང་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་གོང་འཕེལ་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལྷན་ཁང་གི་ཆེད་དོན་བློ་འདྲི་ལས་ཀའི་ཇུས་གཞིར་ཞིབ་འཇུག་བྱས་པ་དང་།  འབྲེལ་ཡོད་དམིགས་བཙུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཐིང་གིས་ཇུས་གཞི་ཞིབ་ཕྲ་དང་འཐུས་སྒོ་ཚང་དུ་བཏང་སྟེ།  འཆར་འགོད་གྲ་སྒྲིག་ཞིབ་ཚགས་བྱས་ནས་ཆེད་དོན་བློ་འདྲིའི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དོན་རིག་གནས་ཞབས་ཞུ་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུར་ཞིབ་བཤེར་བྱེད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལྷན་ཁང་གི་གྲོས་ཞིབ་བསམ་འཆར་ལ་ཞིབ་བཤེར་བྱས་པ་དང་།  ཚོགས་འདུའི་བསམ་འཆར་ལ་གཞིགས་ནས་བཟོ་བཅོས་བརྒྱབ་རྗེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་ཞིབ་འཇུག་ཐག་གཅོད་བྱེད་རྒྱུར་བརྒྱུད་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་དམིགས་ཚད་ལས་འགན་དང་དམ་པོར་བསྟུན་པ་དང་འགན་འཁྲི་བགོ་འགྲེམ་ཞིབ་ཕྲ་བྱེད་པ།  ལས་ཀ་སྦྲེལ་མཐུད་ཡག་པོ་བྱེད་པ།  ལས་ཀའི་སྤུས་ཚད་ལེགས་སུ་གཏོང་བ།  ལས་དོན་སྤེལ་མགྱོགས་སུ་གཏོང་བ་བཅས་བྱས་ནས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལྷན་ཁང་གི་ཚོགས་འདུ་བདེ་བླག་ངང་འཚོག་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད།  ཚོགས་འདུའི་ཐོག་ད་དུང་དེ་མིན་བྱ་བར་ཞིབ་འཇུག་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]