ཀྲོང་ཡན་གྱིས་ལྗོངས་འཕེལ་བསྒྱུར་ཨུ་ལྷན་དུ་ལས་དོན་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ནས།  རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ལྷན་དུ་ལོ་ལྔ་ཚན་བཅུ་བཞི་པའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་འགོད་བཟོ་སྒྲིག་ལས་དོན་ཐད་བརྟག་ཞིབ་གནང་བ་མ་ཟད།  བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།
ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ལྷན་ནས་འགན་ནུས་ཧུར་ཐག་སྒྲུབ་པ་དང་འགན་འཁྲི་ཧུར་ཐག་འཁུར་ཏེ།  ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་བཟོ་སྒྲིག་ལས་དོན་ཏན་ཏིག་སྒྲུབ་དགོས་པ་དང་།  དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།  བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་པ།  དཔལ་འབྱོར་སྤྱི་ཚོགས་སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་བཏང་ནས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་ཤུགས་ཆེ་བྱེད་དགོས་པ།  གོང་འཕེལ་དོ་མི་སྙོམས་ཤིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་ཏེ་ཕྱོགས་ཡོངས་བསྒྱུར་བཅོས་ཟབ་གཏོང་ཐོག་ཚོང་གཉེར་ཁོར་ཡུག་ལེགས་པོ་གཏོད་དགོས་པ།  གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་ཧུར་ཐག་གཏོང་དགོས་པ།  ཁུལ་ཁོངས་གོང་འཕེལ་གྱི་སྤུས་ཚད་ལེགས་སུ་བཏང་སྟེ་རྒྱལ་ཡོངས་ཙམ་མ་ཟད་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གཏོད་དགོས་པ།  རྒྱལ་ཁབ་བདེ་འཇགས་སྲུང་བཅད་བརྟན་པོ་གཏོད་ནས།  ཡུན་རིང་བདེ་འཁོད་ཀྱི་གཞི་རིམ་རྨང་གཞི་བརྟན་དུ་གཏོང་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]