ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་ཕན་བདེའི་རྒྱན་ཤོག་འགྲེམས་སྤེལ་ལྟེ་གནས་སུ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་ཉེ་དུས།  འབྲེལ་གཏུག་གནང་སའི་རང་སྐྱོང་ལྗོངས་ཕན་བདེའི་རྒྱན་ཤོག་འགྲེམས་སྤེལ་ལྟེ་གནས་སུ་བརྟག་ཞིབ་གནང་བར་ཕེབས་ནས་ལས་ཀའི་སྙན་ཞུ་གསན་པ་དང་།  དམངས་སྲིད་ཁོངས་གཏོགས་ཀྱི་ཏང་ཡོན་དང་བཞུགས་མོལ་སྤེལ་རེས་གནང་བ་མ་ཟད།  ཏང་གི་སློབ་ཚན་གཙོ་དོན་དུ་བྱས་ཏེ་སློབ་འཁྲིད་ཀྱང་གནང་བ་རེད། 
ནོར་བུ་དོན་གྲུབ་ནས་ལྗོངས་ཡོངས་ཀྱི་དམངས་སྲིད་འཐབ་ཕྱོགས་ཀྱི་ཏང་ཡོན་ལས་བྱེད་པས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་ཏུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།  བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་དམངས་སྲིད་ལས་ཀའི་ཞིབ་ཕྲའི་ལག་ལེན་ཁྲོད་དོན་འཁྱོལ་ཐུབ་པ་བྱེད་དགོས་པ་དང་།  དམའ་མཐའི་དམངས་འཚོ་འགན་སྲུང་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་།  གཞི་རྩའི་སྤྱི་ཚོགས་ཀྱི་ཞབས་ཞུ་སོགས་ཀྱི་འགན་འཁྲི་དེ་བས་ཡག་པ་འཁུར་ནས་མཐུན་སྒྲིལ་དང་འབྱོར་ཕྱུག  ཤེས་དཔལ།  ཞི་མཐུན།  མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་བསྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་ཡོད།

ནོར་བུ་དོན་གྲུབ་ཀྱིས་ཕན་བདེའི་རྒྱན་ཤོག་འགྲེམས་སྤེལ་ལྟེ་གནས་སུ་ད་དུང་ཀྲི་པུའུ་ཁོངས་གཏོགས་ཀྱི་ཏང་ཡོན་ལ་བྱམས་བརྩེའི་ངང་གཟིགས་པ་དང་ཏང་འཛུགས་ལས་ཀར་བརྟག་ཞིབ་གནང་ཞིང་།  ཀྲི་པུའུ་ཡི་བཅོས་སྒྲིག་ལས་དོན་ལ་མཛུབ་ཁྲིད་ཀྱང་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]