ཀྲོང་ཡན་གྱིས་ཆབ་མདོར་བཟང་པོ་བཞི་ལྡན་གྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་བྱེད་ཚུལ་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཆབ་མདོ་གྲོང་ཁྱེར་དུ་ཟབ་སྐྱོད་གནང་སྟེ།  བཟང་པོ་བཞི་ལྡན་གྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་བྱེད་ཚུལ་ལ་བརྟག་ཞིབ་གནང་བ་རེད།
ཀྲོང་ཡན་གྱིས་དཔའ་ཤོད་རྫོང་འཁོར་ཆེན་ཤང་གམ་མཐའ་གྲོང་ཚོའི་གཞུང་ལམ་སྤུས་ཚད་ལ་ཞིབ་བཤེར་གནང་བ་དང་།  ཤང་གྲོང་གཞུང་ལམ་ཤར་གཏོང་གནས་ཚུལ་མཁྱེན་རྟོགས་གནང་བ་དང་།  བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་རྒྱུད་ཀྱི་རྒྱལ་ལམ ༢༡༤ ཡི་ལམ་མདོ་ནས་སྐྱོ་བཤད་གྲོང་ཚོ་བར་གྱི་གཞུང་ལམ་འཛུགས་སྐྲུན་བྱེད་སར་ཀྲོང་ཡན་གྱིས་ལས་གཞི་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་།  རྫོང་དེས་ཆབ་མདོ་གྲོང་ཁྱེར་ཁམས་པའི་སྐྱེལ་འདྲེན་ལས་རིགས་དབར་མཉམ་ལས་བྱས་ཏེ་བོགས་གཏོང་རླངས་འཁོར་ལས་སྒོ་གོང་འཕེལ་བཏང་བར་ཁས་ལེན་གང་ལེགས་གནང་བ་རེད།

བརྟག་ཞིབ་གནང་རིང་ཀྲོང་ཡན་ནས།  བཟང་པོ་བཞི་ལྡན་གྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་སྤུས་ལེགས་གོང་འཕེལ་གཏོང་རྒྱུ་ནི།  དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གྲོང་གསེབ་གཞུང་ལམ་གོང་འཕེལ་གཏོང་བའི་ཁ་ཕྱོགས་གཙོ་བོ་ཞིག་ཡིན་པས།  གནད་དོན་དང་དམིགས་ཚད།  གྲུབ་འབྲས་བཅས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གཙོ་གནད་ཐོག་ཟུང་འབྲེལ་བཞིའི་ཐད་འབད་བརྩོན་བྱེད་དགོས་པ་སྟེ།  གཅིག་ནས་འཛུགས་སྐྲུན་དང་བདག་སྐྱོང་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས་ཡུལ་བབ་དང་བསྟུན་ཏེ་ས་ཆ་དེ་ག་དང་འཚམས་པའི་གྲོང་གསེབ་གཞུང་ལམ་ཡག་པོ་སྐྲུན་དགོས་པ་དང་།  གཉིས་ནས་རྒྱལ་ཁབ་ཀྱི་མ་དངུལ་གཏོང་འཇོག་དང་གྲོང་ཁྱེར་དང་རྫོང་གི་མ་འཇོག་དང་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་དང་ལྗོངས་རིམ་པའི་བྱ་དགའི་ཁ་གསབ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་པ་དང་།  གྲོང་ཁྱེར་དང་རྫོང་གི་གཏོང་འཇོག་བྱེད་པ་དང་ཐབས་ལམ་སྣ་ཚོགས་བརྒྱུད་གྲབས་གསོག་བྱེད་པའི་སྣེ་མང་རང་བཞིན་གྱི་མ་འཇོག་བྱེད་སྟངས་བཙུགས་ནས་ནུས་ཤུགས་ཡོད་རྒུས་གཞི་རྩའི་མ་དངུལ་གྱི་དགོས་མཁོ་སྐོང་དགོས་པ།  གསུམ་ནས་བདག་སྐྱོང་མི་སྣ་དང་སྐྱེ་ཁམས་ལས་གནས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས།  སྲིད་ཇུས་བླང་བྱ་ཁག་ལ་ནན་པོར་གཞིགས་ནས་གང་ལ་གང་འཚམས་གྱི་བྱ་ཐབས་བཟུང་སྟེ།  གཞུང་ལམ་བདག་སྐྱོང་དེ་སྐྱེ་ཁམས་ཁ་གསབ་ལས་གནས་ཀྱི་འགན་འཁྲིའི་ཁོངས་སུ་བཅུག་ནས།  རིམ་བཞིན་བདག་སྐྱོང་དཔུང་ཁག་དང་ཚན་པ་བརྟན་པོ་ཞིག་འཛུགས་པ་དང་བདག་སྐྱོང་ནུས་པ་ཆེ་རུ་གཏོང་དགོས་པ།  བཞི་ནས་འགྲུལ་སྐྱེལ་རླངས་འཁོར་དང་བོགས་གཏོང་རླངས་འཁོར་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས།  འགྲུལ་པ་དང་ལམ་ཐིག་སོགས་ལ་གཞིགས་ནས།  ཁྲིམས་སྲོལ་ལྟར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་འགྲུལ་སྐྱེལ་རླངས་འཁོར་དང་བོགས་གཏོང་རླངས་འཁོར་སོགས་བདེ་འཇགས་དང་།  སྟབས་བདེ།  ཕན་ཆེ།  གོང་ཁེ་བཅས་ཀྱི་སྐྱེལ་འདྲེན་ཞབས་ཞུ་སྒྲུབ་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]