ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་གྱི་ཆེད་དོན་ཟུར་ཁྲིད་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

 

ད་ཐེངས་ཀྱི་སྙན་སྒྲོན་དེས་ཁྲིམས་ཁང་ཡོངས་ཀྱི་ཏང་ཡོན་ལས་བྱེད་ཉེན་རྟོག་པར་ཏང་གི་སློབ་ཚན་ཐེངས་གཅིག་འཚོགས་པ་ཞིག་ཡིན་ལ་གཅིག་སྡུད་སྦྱོང་བརྡར་བྱས་པ་ཞིག་ཀྱང་ཡིན་པས།  ཏང་ཡོན་ལས་བྱེད་ཉེན་རྟོག་པས་བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་གྱི་ནང་དོན་དང་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་རྒྱུར་བློ་སྒོ་འབྱེད་པའི་ནུས་པ་དང་རོགས་རམ་གྱི་ནུས་པ་ལྡན་ཡོད།།

སྤྱི་ཚེས ༢༧ ཉིན།  བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་གྱི་ཆེད་དོན་ཟུར་ཁྲིད་ཚོགས་འདུ་སྐོང་འཚོགས་བྱས་ཡོད།  ད་ཐེངས་ཀྱི་ཟུར་ཁྲིད་ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སྲིད་ཁྲིམས་སློབ་དཔྱོད་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་དབན་ཅིན་ཕུང་གདན་འདྲེན་ཞུས་ནས།  ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལ་དམངས་གཙོའི་བཅོས་བསྒྱུར་གཏོང་རྒྱུའི་གདམ་ག་དང་དོན་དངོས་ཞེས་འགོ་བརྗོད་དུ་འཁོད་པའི་ཟུར་ཁྲིད་སྙན་ཞུ་བྱས་པ་རེད།  ཁོང་ནས།  བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་ཇི་ལྟར་བྱུང་ཚུལ་དང་དམངས་གཙོའི་བཅོས་བསྒྱུར་གྱི་ནང་དོན་གཙོ་བོ།  ལོ་རྒྱུས་ཀྱི་རིན་ཐང་དང་དངོས་ཡོད་ཀྱི་བློ་སྒོ་འབྱེད་པ་སོགས་ཕྱོགས་གསུམ་ནས་བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་ལ་ཕྱོགས་ཡོངས་ནས་རྒྱས་བཤད་གནང་ཡོད།
  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]