ཞིང་འབྲོག་པར་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བའི་དངུལ་བུན་གཡར་གི་འདུག

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ནོར་བུ།      སྤེལ་དུས།   2020-04-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གཞི་ཁྱོན་ཅན་གྱི་གསོ་ཚགས་དང་ལས་སྣོན་ལས་རིགས་གཙོ་གྲས་ཞིང་འབྲོག་མང་ཚོགས་ཚོས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱེད་པ་དང་། ཞིང་འབྲོག་དུད་ཁྱིམ་ལ་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་བསྐང་ཆེད།  ཉེ་དུས།  ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས། གངས་ལྗོངས་ཞིང་ཕན e དངུལ་བུན་གྱི་འབྲི་གཡག་གི་དངུལ་བུན་ཞེས་པ་གཏོང་བའི་ལས་སྒོ་གཉེར་ཏེ།  ཞིང་ལས་དངུལ་ཁང་དཔལ་དགོན་རྫོང་ཡན་ལག་དངུལ་ཁང་བརྒྱུད་རྫོང་དེའི་ཁྱིམ་སྐྱོང་འབྲོག་ར ༡༠ ལ་དངུལ་བུན་སྒོར་ཁྲི ༣༠༠ བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  བོད་ལྗོངས་ཞིང་ལས་དངུལ་ཁང་གིས་ས་གནས་རེ་ལ་ཁྱད་ཆོས་རེ་དང་ལས་རིགས་སོ་སོར་ཐོན་རྫས་རེའི་བླང་བྱ་གཞིར་བཟུང་།  གངས་ལྗོངས་ཞིང་ཕན e དངུལ་བུན་ཞེས་པ་གཏོང་བའི་རྨང་གཞིའི་ཐོག་ཇ་ལོའི་དངུལ་བུན་དང་ནས་ཀྱི་དངུལ་བུན།  འབྲས་ཤིང་གི་དངུལ་བུན།  འབྲི་གཡག་གི་དངུལ་བུན།  གཙོད་ཀྱི་དངུལ་བུན།  ར་ལུག་གི་དངུལ་བུན།  བོད་ཕག་གི་དངུལ་བུན།  བདེ་སྐྱིད་ཁྱིམ་གཞིས་ཀྱི་དངུལ་བུན།  གྲོང་གསེབ་ཡུལ་སྐོར་གྱི་དངུལ་བུན།  ཤ་མོའི་དངུལ་བུན།  བོད་ཁྱིམ་སྤྲོ་ཁང་གི་དངུལ་བུན།  རྒུན་འབྲུམ་གྱི་དངུལ་བུན།  དབྱར་རྩྭ་དགུན་འབུའི་དངུལ་བུན་ཞེས་པ་སོགས་ཁྱད་ལྡན་ཐོན་ལས་གོང་འཕེལ་ལ་མཁོ་བའི་དངུལ་བུན་མང་དག་ཅིག་གཏོང་གི་ཡོད་པ་རེད།།

  ༼  རྩོམ་སྒྲིག་བློ་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]