ཉིན་བརྒྱའི་རྗེས་ལྷ་ས་ཝན་ཏཱ་ཚོང་ར་ཆེ་མོ་མི་རྣམས་ཀྱི་མིག་ལམ་དུ་མངོན་རྒྱུ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ནོར་བུ།      སྤེལ་དུས།   2020-04-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཞི་པའི་ཚེས ༢༨ ཉིན་གྱི་སྔ་དྲོ།  ལྷ་ས་ཝན་ཏཱ་ཚོང་ར་གཉེར་སྐྱོང་གོང་གི་ཉིན་བརྒྱའི་འགན་སྒྲུབ་དམ་བཅའི་ཚོགས་ཆེན་དང་ཚོང་འགུགས་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད།

ལྷ་ས་གྲོང་ཁྱེར་མ་འཇོག་ཀུང་སིའི་འགན་འཁུར་བ་དང་ལྷ་ས་ཝན་ཏཱ་ཚོང་ལས་དོ་དམ་ཀུང་སིའི་ལས་མི་ཡོངས། རྣམ་གྲངས་ཀུང་སིའི་འགན་འཁུར་བ།  ཚབ་སྐྲུན་ཀུང་སིའི་འགན་འཁུར་བ། ཀྲུང་གོ་འགྲིམ་འགྲུལ་ཅུད་གཉིས་པའི་འགན་འཁུར་བ།  དེ་བཞིན་ཚོང་གཉེར་འཐུས་མི་བཅས་འདུ་འཛོམས་བྱས་ཐོགལྷ་སར་རྒྱལ་སྤྱི་རིམ་པ་དང་པོའི་ཚོང་ཟོག་ཉོ་སྒྲུབ་ལྟེ་གནས་སྐྲུན་པའི་ལོ་རྒྱུས་ཀྱི་དུས་སྐབས་དེར་བདེན་དཔང་བྱས་ཡོད།

ལྷ་ས་ཝན་ཏཱ་ཚོང་ར་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཚོང་ཟོག་ཉོ་སྒྲུབ་ལྟེ་གནས་ཤིག་ཡིན་པ་མ་ཟད།  ལྷ་ས་རྒྱལ་སྤྱིའི་རང་བཞིན་གྱི་ཚོང་ཟོག་ཉོ་སྒྲུབ་ལྟེ་གནས་མེད་པའི་སྟོང་ཆ་ཡང་བསྐངས་ཡོད།

ལྷ་ས་གྲོང་ཁྱེར་གྲོང་ཁྱེར་ས་ཁང་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཧྲི་ཀོང་ལིན་ནས།  འཛུགས་སྐྲུན་པ་ཚོས་གྲ་སྒྲིག་ཨང་གསར་དང་ངར་ཤུགས་གཅིག་སྒྲིམ་ཐོག་ལས་གྲྭའི་འཕེལ་རིམ་བདེ་བླག་ངང་ལེགས་སྒྲུབ་ཐུབ་པ་དང་ལས་གྲྭའི་ལྷུ་ཚིགས་ལྟ་སྡོམ་ནན་པོ་བྱས་ཏེ།  སྤྱི་ལོ ༢༠༢༠ ལོའི་ཟླ་བརྒྱད་པའི་ཚེས  ཉིན་གྲོང་ཁྱེར་དེ་ཡོངས་སུ་སྤུས་ཚད་མཐོ་བ་དང་བསྟོད་བསྔགས་རགས་ཐུབ་པའི་ཝན་ཏཱ་ཚོང་རའི་རྣམ་པ་མངོན་པ་བྱ་རྒྱུ་ཡིན་ཞེས་བཤད

ལྷ་ས་ཝན་ཏཱ་ཚོང་ལས་དོ་དམ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཝང་ཅིང་ཝའེ་ཡིས།  སླད་ཕྱིན་གྱི་ཉིན ༡༠༠ ཡི་རིང་ཚང་མས་འགན་འཁྲི་ནན་པོ་འཁུར་ཏེ་ལས་ཀའི་སྤྱོད་ཚུལ་ལེགས་པ་དང་།  ཞབས་ཞུའི་ཆུ་ཚད་ཡག་པ། ལས་ཀ་བྱང་ཆུབ་པ་བཅས་ཀྱི་ཐོག་ནས་ལྷ་ས་ཝན་ཏཱ་ཚོང་ར་སྒོ་དབྱེ་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་བྱ་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཐོག་བརྩེགས་བཞི་ལྡན་གྱིལྷ་ས་ཝན་ཏཱཚོང་རར་ཁྱོན་ཚོང་རྟགས ༣༡༦ ནང་འདྲེན་བྱས་ཡོད་ཅིང་།  ཚོང་ཁང་གཙོ་གྲས ༡༣ དང་གོམ་བགྲོད་ཁྲོམ་གཞུང་ཚོང་ཁང་ ༡༨༥ ཚོང་རའི་ཕྱི་འཁོར་དུ་ཁྲོམ་གཞུང་ཚོང་ཁང་ ༡༡༨ བཅས་ཡོད་པ་དང་། ད་དུང་ལྷ་སའི་ཚོང་རྟགས ༨༢ དང་ཝན་ཏཱའི་ཚོང་ཁང་ ༥༡  ཐོག་མར་ནང་འདྲེན་བྱས་ཡོད་ལ།  རྒྱལ་སྤྱིའི་ཚོང་རྟགས ༥༧ དང་རྣམ་གསར་གཙོ་རྐང་ཚོང་ཁང་ ༦༤  ཁྱད་ལྡན་བཟའ་བཏུང་ཁང་ ༤༡ བཅས་ནང་འདྲེན་ཡང་བྱས་ཡོད། 

ཚོང་རའི་ཐོག་བརྩེགས་དང་པོར།  ལིའི་ཧུས་སྒོ་རྩིས་ཚོང་ཁང་དང་སུའུ་ཉིང་དབྱིས་ཀའུ།  ཀྲུང་གོ་ལིའི་ཉིང་།  LACOSTE  ཨན་ཏེ་མཱ།  UGG  ཧྭ་ཝེ་སོགས་རྒྱལ་སྤྱིའི་ཚོང་རྟགས་ཁུལ་དང་།  ཐོག་བརྩེགས་གཉིས་པར་ཧྲུན་ལིས་མ་བུ་ཀུན་ཚང་དང་ཅིང་བླངས་ལུས་རྩལ།  སེན་མཱ།  ཏཱ་ཝོན་ཅའ།  ཡིའི་གྲུན་སོགས་འཚོ་བའི་མཁོ་ཆས་ཁུལ།  ཐོག་བརྩེགས་གསུམ་པར་ཝན་ཏཱ་གློག་བརྙན་ཁང་དང་གཟི་བྱིན་བླ་མཚོ་བོད་བཟས་ཁང་།  མཚོ་ཟས་རྒྱ་ཁོག་ཟ་ཁང་སོགས་ཞིམ་ཟས་ཁུལ།  ཐོག་བརྩེགས་བཞི་པར་ཧོ་མའེ་དང་སྒྲོ་ཇིན་འཐུང་བྱ་ཁང་སོགས་སྤྲོ་གསེང་གླིང་ཁུལ་བཅས་བཀོད་སྒྲིག་བྱས་ཡོད།

ལྷ་ས་ཝན་ཏཱ་ཚོང་ར་དེ་ཚོང་ཟོག་སྣ་ཁ་དེ་བས་འཛོམས་པ་དང་སྐད་གྲགས་དེ་བས་ཆེ་བ།  ཁྱད་ཆོས་མངོན་གསལ་དོད་པའི་ཚོང་ར་ཞིག་ཏུ་གཏོད་རྒྱུ་ཡིན་པས།  ལྷ་སར་ཚབ་མཚོན་རང་བཞིན་དང་འཛད་སྤྱོད་པ་མི་འདྲ་བར་གཞིགས་པའི་དར་སོ་ཆེ་བའི་ཚོང་ཟོག་ཉོ་སྒྲུབ་ལྟེ་གནས་ཞིག་ཏུ་གྱུར་རྒྱུ་རེད།  ཚོང་ར་དེ་གཉེར་སྐྱོང་བྱས་རྗེས་ཚོང་ཟོག་ཉོ་སྒྲུབ་དང་སྤྲོ་གསེང་སོགས་ལྷ་སའི་གྲོང་མིའི་འཚོ་བའི་ཆུ་ཚད་གོང་མཐོར་འགྲོ་རྒྱུ་དང་གྲོང་ཁྱེར་གྱི་མིང་གྲགས་ཀྱང་ཆེ་རུ་ཕྱིན་ཏེ།  ལྷ་སའི་དཔལ་འབྱོར་གྱི་རྣམ་པར་འགྱུར་བ་དང་འཕེལ་རྒྱསའགྲོ་རྒྱུར་སྐུལ་འདེད་ཐེབས་ནས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་གཏོང་ཐུབ་ངེས་རེད།།

  ༼  རྩོམ་སྒྲིག་བློ་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]