ལྷ་ས་གྲོང་ཁྱེར་གྱིས་དམིགས་བསལ་སྒྲིག་ཆས་བདེ་འཇགས་འཁོར་རྒྱུག་ཡོང་ཆེད་ཆེད་དོན་ཞིབ་བཤེར་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དམིགས་བསལ་སྒྲིག་ཆས་བདེ་འཇགས་ངང་འཁོར་རྒྱུག་ཐུབ་རྒྱུ་འགན་ལེན་བྱས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་སྣ་ཚོགས་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱ་ཆེད།  ཉེ་དུས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྡོམ་ཅུས་ཀྱིས་སྤྲོ་གསེང་རོལ་རྩེད་གླིང་དང་གློག་སྐས་སོགས་མི་འདུ་འཛོམས་མང་ཁུལ་དང་དེ་བཞིན་ཨན་དང་འབྲེལ་བ་ཡོད་པའི་གྲང་བཟོའི་ཁེ་ལས་ལ་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱས་པ་རེད།

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྡོམ་ཅུས་ཀྱི་ལས་དོན་པ་ཉི་མ་གཡུ་སྒྲོན་ནས་ངོ་སྤྲོད་གནང་བར་གཞིགས་ན།  ཞིབ་བཤེར་ཚོགས་ཆུང་གིས་གཙོ་གནད་ཐོག་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་དོ་དམ་ལམ་ལུགས་ལག་བསྟར་དང་བེད་སྤྱོད་ཐོ་འགོད།  དུས་བཀག་ཞིབ་བཤེར།  འཕྲལ་སྡོམ་ནང་སྦྱོང་།  འཕྲལ་སྡོམ་རོགས་སྐྱོབ་བྱེད་ཐབས་སོགས་དོན་འཁྱོལ་བྱེད་ཚུལ་ལ་ཞིབ་བཤེར་བྱས་པ་མ་ཟད།  ཞིབ་བཤེར་བྱེད་རིང་ཐོན་པའི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་རྩའི་གནད་དོན་ལ་དམིགས་ནས་དག་ཐེར་བྱེད་ཐབས་ཀྱང་བཏོན་ཏེ་ཁེ་ལས་ནས་དུས་བཀག་ལྟར་དག་ཐེར་བྱེད་དུ་བཅུག་ཡོད།

ཉི་མ་གཡུ་སྒྲོན་ནས་ཆེད་དོན་ཞིབ་བཤེར་བྱས་པ་བརྒྱུད་ཁེ་ལས་ཀྱིས་ཐོན་སྐྱེད་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུ་དང་།  དམིགས་བསལ་སྒྲིག་ཆས་ཀྱི་ལས་གཉེར་མི་སྣའི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག  བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་རྩར་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས།  དམིགས་བསལ་སྒྲིག་ཆས་སྣ་ཚོགས་ཀྱི་བདེ་འཇགས་ལས་འཛོལ་ཐོན་རྒྱུར་དོགས་ཟོན་ནུས་ལྡན་བྱས་ཡོད་ཅེས་གསུངས།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]