འདམ་གཞུང་རྫོང་གི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་གཏོང་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ངག་དབང་།      སྤེལ་དུས།   2020-05-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༥ པ་ཤར་བ་དང་རི་ཀླུང་ཚང་མར་རྩྭ་རྩི་ཤིང་སྔོ་ཐིང་ངེར་རྒྱས་ནས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བསྟུན།  རང་ལྗོངས་ཀྱི་ས་ཁུལ་ཁག་ཏུ་ཡང་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་སུ་སླེབས་ཡོད།  ལྷད་མེད་ཀྱི་འདམ་གཞུང་ཞེས་པའི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་སྤྱི་ལོ ༢༠༢༠ ལོའི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་སྤྱི་ཟླ ༥ པའི་ཚེས ༢༠ ཉིན་གྱི་སྔ་དྲོ།  བརྗིད་ཆགས་ཡིད་དུ་འོང་བའི་མོ་ནམ་གངས་རིའི་འདབ་རོལ་དུ་གནས་པའི་དབུ་མ་ཐང་ཤང་སྦྲ་ཁ་གྲོང་ཚོ་ཙུའུ་ལྔ་པར་གཉེར་འགོ་ཚུགས་པ་རེད།  འགོ་ཚུགས་མཛད་སྒོའི་ཐོག  རང་ལྗོངས་ཀྱི་གྲགས་ཅན་གླུ་པ་དང་རྫོང་མི་རིགས་སྒྱུ་རྩལ་ཚོགས་པས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་གྱི་སྟོན་མོ་གཟབ་རྒྱས་ཞིག་བཤམས་པར་རྒྱ་ཆེའི་སྐུ་མགྲོན་དང་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་ཁུག་ཡོད།

འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཚར་རྗེས་རྫོང་དཔོན་འཆི་མེད་ཚེ་རིང་དང་ཡུལ་དེ་གའི་གྲོང་མི་ཚོས་ས་གནས་ས་ཐོག་ཏུ་ཡུལ་སྐོར་བ་དང་དྲ་གྲོགས་ཚོར་དབྱར་རྩྭ་དགུན་འབུ་བརྐོ་སྟངས་དང་འཚོལ་སྟངས།  དབྱེ་འབྱེད་བྱེད་སྟངས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་མི་ཉུང་བ་ཞིག་གསལ་བཤད་བྱས་པས།  རྒྱ་ཆེའི་ཡུལ་སྐོར་བ་ཚོས་དབྱར་རྩྭ་དགུན་འབུ་བརྐོ་བའི་བརྒྱུད་རིམ་མྱོང་རོལ་བྱེད་རྒྱུར་འཁྲིད་སྟོན་ཐུབ་ཡོད།

གཞན་ཡང་།  འདམ་གཞུང་རྫོང་གིས་ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གོ་སྐབས་སུ་བྱས་ནས་དྲ་རྒྱའི་ཐད་གཏོང་ཁང་བརྒྱུད་རྒྱ་ཆེའི་དྲ་ཐོག་འཛད་སྤྱོད་པ་དང་སྤེལ་རེས་བྱས་ཏེ།  འདམ་གཞུང་གི་དབྱར་རྩྭ་དགུན་འབུ་དང་ ༧༡༠༠ རྟགས་ཅན་གྱི་གཏེར་ཆུ་སོགས་གྲགས་ཅན་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱས་པར།  ཉིན་དེ་རང་ལ་དབྱར་རྩྭ་དགུན་འབུ་ཁྲི ༢༦༩ ལྷག་ཙམ་མངགས་ཉོ་ཕྱིར་ཚོང་ཐུབ་པས་ལོའི་ཡོང་འབབ་དམིགས་ཚད་སྔ་ནུར་དུ་ལེགས་སྒྲུབ་ཐུབ་རྒྱུ་དང་།  དབྱར་རྩྭ་དགུན་འབུར་བརྟེན་ནས་ཞིང་འབྲོག་མང་ཚོགས་དབུལ་གྲོལ་ཐུབ་རྒྱུར་སྟེགས་བུ་གལ་ཆེན་ཞིག་སྐྲུན་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]