དངོས་དོན་མཚོན་པའི་ལྷ་མོའི་འཁྲབ་གཞུང་ཚེ་རིང་ལྷ་མོ་ཞེས་པ་ལྗོངས་ལྷ་མོ་ཚོགས་པར་འཁྲབ་སྟོན་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དངོས་དོན་མཚོན་པའི་ལྷ་མོའི་འཁྲབ་གཞུང་ཚེ་རིང་ལྷ་མོ་ཞེས་པ་ཉེ་དུས་ལྗོངས་ལྷ་མོ་ཚོགས་པར་འཁྲབ་སྟོན་བྱས་པ་རེད།  འཁྲབ་གཞུང་དེ་འཁྲབ་སྟོན་ཐེངས་དྲུག་བྱ་རྒྱུ་ཡིན་པ་དང་སྤྱི་ཚེས ༡༩ ཉིན་མཇུག་སྒྲིལ་རྒྱུ་རེད།

གསར་རྩོམ་བྱས་པའི་ལྷ་མོ་དེའི་ནང་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པའི་ནང་ཚེ་རིང་ལྷ་མོས་བཅིངས་འགྲོལ་དམག་དང་གུང་ཁྲན་ཏང་གི་འགོ་ཁྲིད་འོག  གྲོང་མིའི་སྣེ་ཁྲིད་དེ་ནང་ཟན་རོགས་རེས་ཚོགས་ཆུང་བཙུགས་པ་དང་རང་སྟོབས་རང་སྤེལ་ངང་ཞིང་ལས་ཐོན་སྐྱེད་བྱས་པའི་སྐོར་བཀོད་ཡོད།

ལྷ་མོ་དེའི་ནང་མང་ཚོགས་དཀྱུས་མའི་གཏམ་རྒྱུད་ཀྱིས་གཙོ་རྐང་བྱས་ཏེ་མི་སེམས་འགུལ་བ་དང་མཐུན་སྒྲིལ་འབད་འཐབ་ཀྱི་གཏམ་རྒྱུད་མངོན་པར་བྱས་ཡོད་ལ།  གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པའི་བདེན་དོན་ཡང་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།

ལྷ་སའི་གྲོང་མི་ཉི་མ་བཀྲ་ཤིས་ནས།  སྤྱི་ཚོགས་རྙིང་པ་བརྒྱུད་མ་མྱོང་བའི་མི་རྣམས་ཀྱིས་སྐབས་དེ་དུས་ཀྱི་དཀའ་སྡུག་འཚོ་བ་སེམས་ལ་འཁོར་ཁག་པོ་རེད།  ད་ལྟའི་སྤྱི་ཚོགས་གསར་པའི་ནང་བདེ་སྐྱིད་འཚོ་བར་རོལ་རྒྱུ་བྱུང་བ་ནི་བསོད་ནམས་ཆེན་པོ་ཞིག་རེད་སྙམ་གྱི་འདུག  ངས་ཀྱང་དྲིན་ཚོར་གྱི་སེམས་པ་བཅངས་ནས་ད་ཆར་གཅེས་སྤྲས་བྱེད་པ་དང་ཉི་མ་གང་འཁྱོལ་མ་བྱས་པར་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡིན་ཞེས་བཤད།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]