ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དམངས་ཡོངས་ལུས་སྦྱོང་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པ་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   འཇམ་དབྱངས་བསོད་སྒྲོན།      སྤེལ་དུས།   2020-10-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༠ པའི་ཚེས ༡༠ ཉིན། ལྗོངས་ལུས་རྩལ་ཅུས་དང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་གཉེར་བའི། བོད་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དམངས་ཡོངས་ལུས་སྦྱོང་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པ་འགོ་ཚུགས་པའི་མཛད་སྒོ་བོད་ལྗོངས་ལུས་རྩལ་ཁང་དུ་སྤེལ་བ་རེད།

 

སྐབས་འདིའི་ལུས་རྩལ་འགྲན་ཚོགས་སྤྱི་ཟླ ༡༠ པའི་ཚེས ༡༠ ཉིན་ནས་སྤྱི་ཟླ ༡༡ པའི་ཚེས ༢༥ ཉིན་བར་སྤེལ་རྒྱུ་ཡིན་ཞིང་།  རྒྱང་བསྒྲགས་ལུས་རྩལ་ཁག་དགུ་པ་དང་།  སྤྲོ་སྣང་ལུས་རྩལ།  ཐག་འཐེན།  མི་ལྔའི་རྐང་རྩེད་སྤོ་ལོ།  གསུམ་གཏད་གསུམ་གྱི་ལན་ཆིའུ་སྤོ་ལོ།  ཕིང་ཕང་སྤོ་ལོ།  བྱ་སྒྲོའི་སྤོ་ལོ།  དབུགས་སྒང་སྤོ་ལོ།  ཆུ་རྐྱལ།  སི་ནོ་ཁེ།  མིག་མངས།  ཀེ་རེམ།  ཤོ་རྩེད་སོགས་རྣམ་གྲངས་ཆེ་བ ༡༣ དང་ཆུང་བ ༣༩ བཀོད་སྒྲིག་བྱས་ཡོད་ལ།  མི་རིགས་ཀྱི་ཞབས་བྲོ་དང་སྒོར་གཞས།  མི་རིགས་ཀྱི་ལུས་སྦྱོང་ལུས་རྩལ་སོགས་མང་ཚོགས་ཀྱི་ལྟ་འདོད་ལ་ཉན་སྤྲོ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་རྩལ་ངོམས་བྱེད་སྒོ་ཡང་གསར་གཏོད་རང་བཞིན་དུ་སྤེལ་བའི་ནང་། ལྗོངས་ཐད་གཏོགས་ལས་ཁུངས་ཚན་པའི་ལས་བྱེད་ལས་བཟོ་པ ༡༢༠༠ ལྷག་ཙམ་གྱི་འགྲན་ཞུགས་ཡིད་དབང་བཀུག་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  དམངས་ཡོངས་ལུས་སྦྱོང་བྱེད་རྒྱུར་སྐུལ་འདེད་གཏོང་། ཕྱོགས་ཡོངས་འབྱོར་འབྲིང་མངོན་རྒྱུར་སྐུལ་མ་གཏོང་ཞེས་བརྗོད་དོན་གཙོ་བོར་བྱས་པའི་ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་དེའི་དམིགས་ཡུལ་ནི།  དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་རྒྱུ་དང་དམངས་ཡོངས་བདེ་ཐང་ཡོང་བ་བྱེད་རྒྱུ་མཉམ་འདྲེས་གཏིང་ཟབ་བྱས་ཐོག་བདེ་ཐང་གི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་།  ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་པའི་རིག་གནས་ལུས་རྩལ་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་རྒྱུ།  སྤྱི་ཚོགས་ཧྲིལ་པོས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་བཅས་མ་ཟད།  དུས་རབས་གསར་པའི་བོད་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ།  མཐུན་སྒྲིལ་དང་འབྱོར་ཕྱུག  ཤེས་དཔལ།  ཞི་མཐུན།  མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་ཀྱང་རེད།།

  ༼  མིག་ཚེས་སྒྲིག ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]