ལྷ་ས་གྲོང་ཁྱེར་གྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་ལ་དགའ་འོས་པའི་གྲུབ་འབྲས་ཐོབ།

ཡོང་ཁུངས།   བོད་ལྗོངས་འཕྲི་ན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དབུལ་གྲོལ་འགག་སྒྲོལ་བྱུང་བའི་ལྷ་སར་ལྟ་ཅེས་པའི་དུས་ཡུན་ཉིན་ལྔའི་རྒྱལ་ཡོངས་དྲ་རྒྱའི་སྨྱན་སྦྱོར་ཚན་པ་ལྷ་སར་སྐྱོད་པའི་བྱེད་སྒོ་སྐབས་གསུམ་པ།  སྤྱི་ཟླ་བཅུ་པའི་ཚེས ༡༣ ཉིན་གྱི་སྔ་དྲོ་སྤེལ་འགོ་ཚུགས་པ་རེད།  རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་དྲ་རྒྱའི་སྨྱན་སྦྱོར་ཚན་པ ༢༠ ལྷག་ཙམ་གྱི་གསར་འགོད་པས་དབུལ་གྲོལ་འགག་སྒྲོལ་བྱུང་བའི་ལྷ་སར་ལྟ་ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས།  ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་དང་གྲོང་གསེབ།  ཁེ་ལས་ཁག་ཏུ་ཟབ་སྐྱོད་ཐོག་བཅར་འདྲི་བྱས་ནས་གནས་ཚུལ་སྤེལ་གཏོང་བྱེད་འགོ་ཚུགས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  དབུལ་གྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན་ལྷ་ས་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་།  དེ་བཞིན་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་གྲོལ་གྱི་གཞི་རྩའི་ཐབས་ཇུས་རྒྱུན་འཁྱོངས་བྱེད་པ།  དབུལ་གྲོལ་འགག་སྒྲོལ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགནདང་དམངས་འཚོའི་ལས་གྲྭ་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་པས།  དབུལ་གྲོལ་འགག་སྒྲོལ་ལས་དོན་ཐད་གོམས་སྟབས་བརྟན་པོ་ཞིག་སྤོས་ནས་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།

སྤྱི་ལོ ༢༠༡༩ ལོའི་ལོ་མཇུག་བར།  གྲོང་ཁྱེར་ཡོངས་ཀྱི་དུད་ཁྱིམ་ཁྲི ༡.༠༩༢༣ གྱི་དབུལ་པོའི་མང་ཚོགས་ཁྲི ༤.༤༤༣༥ དབུལ་གྲོལ་ཐུབ་པ་དང་།  དབུལ་པོའི་གྲོང་ཚོ༼ སྡེ་ཁུལ ༽༢༣༡ དབུལ་གྲོལ་ཐུབ་པ་དང་རྫོང་༼ ཆུས ༽ ཚང་མ་དབུལ་ཞྭ་ཕུད་ཐུབ་པ་བྱུང་ནས།  དབུལ་པོའི་མང་ཚོགས་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་ཁྲི ༡.༡༣༦༤ ཟིན་ཏེ་ལྗོངས་ཡོངས་ནས་དབུལ་གྲོལ་དམིགས་ཚད་སྔ་ཤོས་ལེགས་གྲུབ་ཐུབ་ཡོད།
ལྷ་ས་གྲོང་ཁྱེར་ནས་ད་ཐེངས་ཀྱི་བཅར་འདྲིའི་བྱེད་སྒོ་སྤེལ་དོན་ནི།  ལྷ་སས་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།  དབུལ་གྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བཞིན་ཡོད་པ་དེ་དག་དྲིལ་བསྒྲགས་དང་འགྲེམས་སྟོན་བྱ་ཆེད་ཡིན་ལ།  སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་གྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད།  ལྷ་སའི་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་ཡར་ཐོན་དང་སྟོབས་ཤུགས་ཡོད་རྒུས་འབད་འཐབ་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པ་བྱས་ནས།  སྔར་ལས་ལྷག་པའི་སྒོ་ནས་དཔའ་ངར་ཆེར་བསྐྱེད་ངང་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོའི་ལས་སྒྲུབ་ལས་གཏོད་ཁྲོད་སྤྲོ་སེམས་འཕེལ་བ་བྱ་ཆེད་ཀྱང་ཡིན།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]