ཉིང་ཁྲིའི་ཡར་ཀླུང་གཙང་པོ་གྲོག་རོང་ཆེ་མོའི་ནགས་ཚལ་དུས་ཆེན་གཏོང་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གངས་ལྗོངས་ས་མཐོར་སྟོན་ཟླའི་ཡུལ་ལྗོངས་ཧ་ཅང་མཛེས་པོ་ཡོད།  སྤྱི་ཚེས ༡༥ ཉིན།  ཉིང་ཁྲིའི་ཡར་ཀླུང་གཙང་པོ་གྲོག་རོང་ཆེ་མོའི་ནགས་ཚལ་དུས་ཆེན་གཏོང་འགོ་ཚུགས་པ་དང་།  འགོ་ཚུགས་མཛད་སྒོའི་ཐོག་ཡར་ཀླུང་གཙང་པོ་གྲོག་རོང་ཆེ་མོའི་སྟོན་ལྗོངས་ཀྱི་བརྙན་པར་འགྲེམས་སྤེལ་བྱས་པ་རེད།  ངོ་མཚར་ཆེ་བའི་གནམ་ལྕགས་འབར་བ་དང་ཡར་ཀླུང་གཙང་པོའི་མཛེས་ལྗོངས།  བང་རིམ་མི་འདྲ་བའི་ས་མཐོའི་སྔོ་ཁེབས་བཅས་ཕྱོགས་མང་པོའི་ཐད་ནས་མངོན་པར་བྱས་ཡོད་པས།  ཟུར་ལྟས་ལེབ་མཐོང་གི་དཔེ་ལྟར་མི་གཞན་གྱི་ལྟ་ཕྱོགས་ནས་ཡུལ་སྐོར་བ་ཚོར་གྲོག་རོང་ཆེ་མོའི་ངོ་མཚར་མཛེས་སྡུག་མྱོང་རོལ་ཐུབ་ཏུ་བཅུག་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ཉིང་ཁྲི་གྲོང་ཁྱེར་དུ་གནས་པའི་ཡར་ཀླུང་གཙང་པོ་གྲོག་རོང་ཆེ་མོའི་ཁུལ་གྱི་སྟོན་ཁའི་མཛེས་ལྗོངས་དེ་འཛམ་གླིང་ཐོག་སྙན་པའི་གྲགས་པ་ཆོད་ཅིང་།  ཡུལ་སྐོར་བས་འཕུར་གདུགས་དང་ཚ་དབུགས་ལྒང་ཕུག་ལ་བརྟེན་ཏེ་ཐག་ཉེ་ས་ནས་ཡར་ཀླུང་གཙང་པོ་གྲོག་རོང་ཆེ་མོའི་སྟོན་ལྗོངས་དང་རི་བོ་གནམ་ལྕགས་འབར་བའི་གེགས་ཉམས་མྱོང་རོལ་ཐུབ་པ་མ་ཟད།  མཐོ་ཚད་སྨིད་བརྒྱ་ཕྲག་ཁ་ཤས་ཡོད་པའི་གཡང་གཟར་འགྲམ་གྱི་དཔྱང་ཐག་དང་ཡར་ཀླུང་གཙང་པོའི་ཡུལ་སྐོར་གྲུ་གཟིངས།  སྒར་བརྒྱབ་ནས་གནམ་ལྕགས་འབར་བའི་ཁུལ་དུ་སྡོད་པ་སོགས་ཉམས་ལེན་གྱི་བྱེད་སྒོ་ཡང་ཡོད་པས།  ཡུལ་སྐོར་བས་ཡར་ཀླུང་གཙང་པོ་གྲོག་རོང་ཆེ་མོའི་ལྟ་ན་སྡུག་པའི་མཛེས་ལྗོངས་མྱོང་རོལ་གང་ལེགས་ཐུབ་རྒྱུར་ཆ་རྐྱེན་བསྐྲུན་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]