您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཤེས་རྟོགས་བྱས་པར་གཞིགས་ན། འདམ་གཞུང་རྫོང་ས་གཙང་ཐོན་ལས་མ་འཇོག་ཀུང་སིས་སྔར་བཞིན་འདམ་གཞུང་རྫོང་དུ་འབྲི་གཡག་གསོ་ཚགས་གི་ལས་ཀ་སྤེལ་བཞིན་ཡོད་ལ། ད་ལོར་ཁུངས་དག་པའི་ཚགས་ཤ་ཀྲོན ༡༣༧ བཙོང་ཟིན་པ་དང་། ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་ཚོ་ཆིག་སྟོང་ལྷག་ཟིན་ཡོད། འདམ་གཞུང་རྫོང་ས་གཙང་ཐོན་ལས་མ་འཇོག་ཀུང་སིའི་འགན་ཁུར་བས་འབྲི་གཡག་ཚང་མ་ས་གནས་འདི་གའི་མི་སེར་གི་ལག་ནས་ཉོས་པ་ཤ་སྟག་ཡིན་ཏེ། བེའུ་སྐྱེས་མ་ཐག་ཏུ་གློག་རྡུལ་མཚོན་རྟགས་ཡོད་པའི་ཉིང་ལྷེབ་ཞིག་རྣ་བར་བཏགས་པ་དང་། མཚོན་རྟགས་དེ་བརྒྱུད་བདག་པོའི་གཞི་རྩའི་གནས་ཚུལ་དང་། སྒོ་ཟོག་དེའི་བདེ་ཐང་གི་གནས་ཚུལ། ནད་ཡམས་སྔོན་འགོག་ཁབ་ཅི་འདྲ་བརྒྱབ་མིན་སོགས་ཤེས་ཐུབ་པ་བཟོས་ནས་བཤས་གཏོང་དུས་ཚད་གཞི་ལོན་པ་བྱས་ཡོད་པས། འཛད་སྤྱོད་པས་བློ་བདེ་པོའི་ངང་བདེ་ཐང་དང་སྤུས་ལེགས་ཅན་གྱི་ཚགས་ཤ་ཉོ་ཆོག་ཅེས་ངོ་སྤྲོད་གནང་། ༢༠༡༩ ལོར་འདམ་གཞུང་རྫོང་གི་འབྲོག་ར་ཁག་ནས་འབྲི་གཡག ༡༠༠༠ ལྷག་ཁྲོམ་རར་བཏོན་ཡོད་པ་དང་། ད་ལོ་སྤྱི་ཟླ ༡༢ པའི་གཡས་གཡོན་དུ་འབྲི་གཡག ༡༥༠༠ ནས ༢༠༠༠ ཙམ་ཁྲོམ་རར་འདོན་རྩིས་ཡོད།།