ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་གཞི་རིམ་དུ་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ནགས་ཚལ་མེ་ཟོན་དཔུང་ཁག་གི་འགན་ནུས་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཐུབ་ཆེད།  སྤྱི་ལོ ༢༠༢༡ ལོའི་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས།  གཞི་རིམ་གྱི་རུ་འབྲིང་དང་དེ་སྔའི་བཅའ་སྡོད་འགོག་སྲུང་ཡན་ལག་རུ་ཁག་སྒྲིག་འཛུགས་བྱས་ནས་ཁ་རུབ་ཆུས་དང་ཆབ་མདོ་ཁུལ་གསར།  སྨར་ཁམས་རྫོང་།  མཛོ་སྒང་རྫོང་།  འཇོ་མདའ་རྫོང་།  འགོ་འཇོ་རྫོང་བཅས་སུ་བསྐྱོད་དེ་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་གནས་གཏན་འཁེལ་གྱི་དྲིལ་བསྒྲགས་དང་སྐོར་བསྐྱོད་དྲིལ་བསྒྲགས་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྣ་ཚོགས་སྤྱད་དེ།  ཐང་ཆེན་ཆེ་གྲས་དང་ཁྲོམ་གཞུང་གཙོ་བོ།  ཤང་༼ གྲོང་རྡལ ༽ དང་གྲོང་ཚོ།  སློབ་གྲྭ་སོགས་མི་སྣ་རུབ་འདུས་ཆེ་སར་ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།  བྱེད་སྒོ་སྤེལ་རིང་རུ་མི་ཚོས་མང་ཚོགས་དང་ངོ་འཕྲད་སྤེལ་རེས་བྱས་ནས་མང་ཚོགས་ལ་མེ་ཟོན་དྲིལ་བསྒྲགས་ཀྱི་འབྲེལ་ཡོད་དཔྱད་ཡིག་སྤྲད་པ་དང་།  ནགས་ཚལ་མེ་སྐྱོན་ཐོན་རྐྱེན་དང་སྔོན་འགོག་བྱ་ཐབས་འགྲེལ་བཤད་བརྒྱབ་པ་མ་ཟད་རང་སྐྱོབ་བྱེད་སྟངས་ཀྱང་བསླབ་པས།  རྒྱ་ཆེའི་མང་ཚོགས་ལ་སློབ་གསོ་ཟབ་མོ་ཐེབས་ཏེ་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་དང་རྐྱེན་མ་བྱུང་གོང་རགས་རྒྱག་པའི་མེ་ཟོན་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཐུབ་ཡོད།

གྲ་སྒྲིག་མེ་ཟོན་རུ་མི་སྐལ་བཟང་གིས་སྤོབས་པ་ཆེན་པོས་མེ་ཟོན་རུ་མི་ཞིག་གི་ངོས་ནས་ངས་ཕ་ཡུལ་གྱི་མང་ཚོགས་ཁྲོད་ནགས་ཚལ་མེ་ཟོན་གྱི་རྒྱུན་ཤེས་ཤེས་བྱ་ཁྱབ་གདལ་བཏང་ནས།  ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱས་ཐོག་ཕ་ཡུལ་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་འདུག་ཅེས་བཤད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་མེ་ཟོན་དྲིལ་བསྒྲགས་བྱེད་སྒོའི་ནང་དྲིལ་བསྒྲགས་ལག་དེབ ༢༥༠༠ ལྷག་ཙམ་དང་ཞྭ་མོ ༡༠༠༠ ལྷག་ཙམ།  པང་གདན ༡༠༠༠ ལྷག་ཙམ།  རས་ཁུག ༡༠༠༠ ལྷག་ཙམ།  ཤོག་བུའི་ཁུག་མ ༡༠༠༠ ལྷག་ཙམ།  ཨ་ཅོར ༤༠༠༠ ལྷག་ཙམ་བཅས་སྤྲད་པ་མ་ཟད།  བརྡ་ཁྱབ ༣༠༠ ལྷག་ཙམ་སྦྱར་བ་དང་མེ་སྐྱོན་གྱི་རྐྱེན་རྩ ༢༠ ལྷག་ཙམ་སེལ་བ།  ནགས་ཁུལ་མཛེས་ལྗོངས་ཁུལ་ནང་སྐྱོད་མཁན་གྱི་ས་ནས་མེ་སྐྱོན་བཟོ་ཉེན་ཡོད་པའི་ལེ་ཊར་སོགས་དངོས་རིགས ༢༥ ལྷག་ཙམ་བསྡུས་པ།  མི་ཐེངས ༢༠ ལྷག་ཙམ་ལ་དབུལ་སྐྱོར་རོགས་རམ་བཅས་ཀྱང་བྱས་པས།  སློབ་གསོ་ཐེབས་མཁན་མང་ཚོགས་མི་ཐེངས ༤༠༠༠ ལྷག་ཙམ་ཟིན་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]