您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཟླ་དང་པོའི་ཚེས ༡༠ ཉིན། གཞིས་རྩེ་གྲོང་ཁྱེར་སྐྱིད་རོང་འགག་སྒོ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐོག་མ་དེར་རྟེན་འབྲེལ་ཞུས་པ་དང་། སྐྱིད་རོང་འགག་སྒོ་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་ཚོས་དམངས་ལ་ལྷག་བསམ་རྣམ་དག་དང་འགན་སྒྲུབ་ལེགས་སྐྱེས་འབུལ་བ། ལས་སྒོ་བྱང་ཞིང་ཡ་རབས་པ། གཞུང་དྲང་སྤྱོད་གཙང་བཅས་ཀྱི་ལས་རིགས་སྙིང་སྟོབས་དང་གཟུགས་བརྙན་བཟང་པོ་མངོན་ཡོད་པ་མ་ཟད། གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པའི་ལས་ཞེན་འགན་སྒྲུབ་དང་ལེགས་སྐྱེས་འབུལ་བའི་ལས་ཀའི་སྙིང་སྟོབས་སྐུལ་སྤེལ་ཐུབ་པ་དང་། དུས་རབས་གསར་པའི་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པའི་ལས་རིགས་ཀྱི་གཟི་བརྗིད་དང་སྤོབས་སེམས་འཕེལ་ཐུབ་པ་བཅས་ཀྱང་བྱུང་ཡོད།།