བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་༧༠འཁོར་བའི་དྲན་རྟེན་སྦྲག་འཛིན་གྱི་འགྲེམས་སྤེལ་མཛད་སྒོ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-08-18

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་དྲན་རྟེན་སྦྲག་འཛིན་གྱི་འགྲེམས་སྤེལ་མཛད་སྒོ་སྤྱི་ཚེས ༡༦ ཉིན་ལྷ་སར་འཚོགས་པ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན།  ཀྲུང་གོ་སྦྲག་སྲིད་ཀྱིས་སྤྱི་ཟླ་བརྒྱད་པའི་ཚེས ༡༩ ཉིན་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་དྲན་རྟེན་སྦྲག་འཛིན་ཆ་ཚང་གཅིག་འགྲེམས་སྤེལ་བྱ་རྒྱུ་ཡིན་ཞིང་།  དྲན་རྟེན་སྦྲག་འཛིན་དེའི་གནས་ཐང་སྒོར ༡.༢ ཡིན་པ་དང་ཁྲི ༧༠༠ འགྲེམས་སྤེལ་བྱེད་རྩིས་ཡོད།
རུང་ཐེ་དང་ཧྲེན་ཅཱ་ཧུང་གིས་ཇུས་འགོད་བྱས་ཤིང་།  པེ་ཅིང་སྦྲག་འཛིན་བཟོ་གྲྭ་ཚད་ཡོད་ཀུང་སིས་པར་འདེབས་བྱས་པའི་སྦྲག་འཛིན་དེའི་མདུན་ལྗོངས་ནི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་གླུ་ལེན་གར་འཁྲབ་བྱས་ནས་ཐུན་མོང་ཐོག་རྟེན་འབྲེལ་ཞུ་བའི་རྣམ་པ་ཡིན་པ་དང་།  རྒྱབ་ལྗོངས་སུ་ས་མཐོར་སྐྱོད་བཞིན་པའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་དང་དེའི་འགྲམ་དུ་གྲལ་སྟར་འགྲིག་པའི་སྡོད་ཁང་གསར་པ་དང་ཕྱུགས་དཀར་ནག  བརྗིད་ཆགས་གངས་རི་སོགས་བྱས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ སོང་རིང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་དང་།  དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་དྲ་རྒྱས་འཐུས་ཚང་འགྲོ་བའི་མཛེས་སྡུག་ལྡན་པའི་རྣམ་པ།  བོད་འདི་ཉིད་བདེ་སྐྱིད་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་བཅས་གང་ལེགས་མངོན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན།  རྒྱ་ཆེའི་སྦྲག་འཛིན་ཉར་ཚགས་ལ་དགའ་པོ་ཡོད་མཁན་ཚོས་རྒྱལ་ཡོངས་ཀྱི་དམིགས་འཛུགས་སྦྲག་སྲིད་དྲ་ཚིགས་དང་།  སྦྲག་སྒྲུབ་དྲ་ཚུགས།  ཀྲུང་གོ་སྦྲག་སྲིད་ལག་ཐོགས་ཁ་པར་གྱི་སྤྱོད་སྣེ་སོགས་བརྒྱུད་ནས་ཉོ་སྒྲུབ་བྱེད་ཆོག  སྦྲག་འཛིན་འཚོང་ཡུན་ཟླ་བ་དྲུག་རིང་རྒྱུན་མཐུད་བྱ་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་གཡུས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]