སྟོབས་རྒྱལ་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་སྐྱེས་པའི་སྨིད་ཆིག་ཁྲིའི་རྒྱུགས་ཤར་འགྲན་བསྡུར་ནང་གསེར་གྱི་རྟགས་མ་བླངས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཕྱོགས་བསྡུས།      སྤེལ་དུས།   2021-09-22

སྤྱི་ཚེས ༢༡ ཉིན་གྱི་ཕྱི་དྲོའི་སྐབས ༡༤ པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་རང་ལྗོངས་ཀྱི་ལུས་རྩལ་པ་སྟོབས་རྒྱལ་གྱིས་དུས་ཚོད་སྐར་མ ༢༨ དང་སྐར་ཆ ༣༥.༢༤ ཡི་གྲུབ་འབྲས་ཐོག་ནས།  སྐྱེས་པའི་སྨིད་ཆིག་ཁྲིའི་རྒྱང་རིང་རྒྱུགས་ཤར་གྱི་མཇུག་མཐའི་འགྲན་རྩོད་ཀྱི་ཨང་དང་པོ་བླངས་པས།  སྟོབས་རྒྱལ་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་གི་འགྲན་བསྡུར་རྣམ་གྲངས་དེའི་ནང་སྐབས་གཉིས་བསྟུད་མར་གསེར་གྱི་རྟགས་མ་ལེན་ཐུབ་ཡོད།  དེ་མིན་རང་ལྗོངས་ཀྱི་ལུས་རྩལ་པ་རྟ་མགྲིན་ཚེ་དབང་དང་བསོད་ནམས་ཚེ་རིང་ལ་འགྲན་བསྡུར་རྣམ་གྲངས་དེའི་ཨང་བཞི་པ་དང་བདུན་པའི་གྲུབ་འབྲས་ཐོབ་ཡོད

པར་རིས་ཡོང་ཁུངས་བོད་ལྗོངས་གསར་འགྱུར་དྲ་བ།

གཞན་ཡང་དེ་ཉིན་བྱས་པའི་བུད་མེད་དར་མའི་ཚོགས་ཆུང་གི་རྣམ་གྲངས་གཉིས་ཀྱི་ཀུན་འཇོན་བྲག་འཛེགས་འགྲན་བསྡུར་ནང་།  རང་ལྗོངས་ཀྱི་ལུས་རྩལ་པ་པད་མ་གཡུ་སྒྲོན་གྱིས་བོད་ལྗོངས་ལུས་རྩལ་རུ་ཁག་གི་ཆེད་ཟངས་ཀྱི་རྟགས་མ་ཞིག་ལེན་ཐུབ་ཡོད།།

པར་རིས་ཡོང་ཁུངས་ཤིན་ཧྭ་དྲ་བ།


  ༼  མིག་ཚེས་སྒྲིག ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]