ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་། མང་ཚོགས་འབབ་འཕར་ཡོང་བ་བྱེད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཚེ་སྒྲོན། ཚེ་གཡུས།      སྤེལ་དུས།   2021-10-18

སྟོན་ཟླ་བཅུ་པར།  ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ས་གཙང་འབྱུང་འཕྲོད་ཐོན་ལས་གླིང་ནང་མེ་ཏོག་རྣམ་པར་བཀྲ་ཞིང་ཤིང་འབྲས་ཀྱི་དྲི་ཞིམ་གང་སར་འཐུལ་བ་དང་།  ཡིད་དབང་འཕྲོག་པའི་ས་མཐོའི་མཛེས་ལྗོངས་གང་ལེགས་མངོན་བཞིན་ཡོད།

མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལོངས་སྤྱོད་བྱ་རྒྱུ་ཕུད།  དེང་སྐབས་གླིང་ཁུལ་ནང་གི་རྒུན་འབྲུམ་འཐུ་སྟངས་མྱོང་རོལ་ཐུབ་པ་དང་།  བཀྲག་མདངས་འཚེར་བའི་རྒུན་འབྲུམ་ཕྲེང་བ་རེ་རེས་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་རབ་ཏུ་བཀུག་ཡོད།

 

ཤེས་རྟོགས་བྱུང་བར་གཞིགས་ན།  རྒུན་འབྲུམ་ཐོན་ལས་གླིང་དེ་ནི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་བཀོད་པའི་ས་བབ་མཐོ་སའི་རྒུན་འབྲུམ་གླིང་ཁུལ་ཞིག་ཡིན་པ་དང་།  ད་ལོ་རྒུན་འབྲུམ་འདེབས་འཛུགས་ར་བར་ལོ་ལེགས་ཡག་པོ་བྱུང་བ་དང་།  སྔོན་དཔག་བྱས་ན་འདི་ལོ་ཐོན་ཚད་ཀྲོན ༤༠༠ ཟིན་ཏེ་ན་ནིང་ལས་ཀྲོན ༡༥༠ ཡས་མས་འཕར་བཟོ་ཡོད།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]