您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རིང་། རང་ལྗོངས་ཀྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་བརྒྱུད་སྤེལ་ལམ་སྲོལ་དང་མ་ལག་འཛོམས་པའི་དཔུང་ཁག འཐུས་སྒོ་ཚང་བའི་སྒྲོག་འགྲེལ་རིམ་ལྔའི་སྒྲོག་འགྲེལ་མ་ལག་བཅས་ལ་བརྟེན་ནས། ཀྲུང་ཨུ་ཚང་འཛོམས་གྲོང་ཚོགས་ཐེངས་ལྔ་པ་དང་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཁག་ཁེ་ལས་དང་ཞིང་ཁྱིམ། སྡེ་ཁུལ། དགོན་སྡེ་བཅས་སུ་ཁྱབ་པ་བྱས་པས། རིམ་ཁག་མང་ཚོགས་ནས་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་ཐུབ་ཡོད།།